ཟླ་བ་བཅུ་པའི་ཟླ་མཇུག་གི་སུའུ་ཏན་དུ་ཉི་མ་སྔར་བཞིན་ཚ་པོ་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པས་སུའུ་ཏན་གྱི་རྒྱལ་ས་ཁར་ཐུམ་ནས་རྡོག་ཐོན་བྱས་ཏེ་ཤར་ལྷོའི་ཕྱོགས་སུ་རླངས་འཁོར་ནང་བསྡད་ནས་བར་ཐག་སྤྱི་ལེ་260 ལྷག་ཙམ་བསྐྱོད་དེ་ཅ་ཏ་ལི་ཕུའུ་ཀྲོའུ་ཧྥ་དབུ་གྲོང་རྡལ་དུ་གནས་པའི་ཀྲུང་གོས་སུའུ་ཏན་དུ་རོགས་སྐྱོར་བྱས་པའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་སུ་ཞིང་ལས་སྐྱེ་དངོས་ཚོད་འདེབས་ཀྱི “ཞིང་ནང་ལྟ་སྦྱོང་བགྲོ་གླེང ”ནང་ཞུགས་མཁན་འཐུས་མིར་བཅར་འདྲི་བྱས་པ་དང་དེའི་ནང་སུའུ་ཏན་ཞིང་ལས་པུའུ་དང་། ཞིང་ལས་ཚན་རིག་ཞིབ་འཇུག་ལྟེ་གནས། ཅ་ཏ་ལི་ཕུའུ་ཀྲོའུ་དང་ཅེ་ཅི་ལ་ཀྲོའུ་བཅས་ཀྱི་ཞིང་ལས་ཐད་ཀྱི་རིགས་གཅིག་མཁས་ཅན་དང་། ལག་རྩལ་མི་སྣ། ས་གནས་ཀྱི་དཔོན་རིགས། སུའུ་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་དཔོན་རིགས། ཀྲུང་གོའི་ཀུང་སི་བརྒྱད་བཅས་ཀྱི་འཐུས་མི་ 100 ལྷག་ཙམ་ཞུགས་ཡོད་པ་རེད།
ཅ་ཏ་ལི་ཕུའུ་ཀྲོའུ་རུ་སླེབས་ནས་ཡུན་རིང་མ་སོང་བར་གཡས་ཕྱོགས་སུ་ཁ་སྒྱུར་ནས་རྒྱལ་ལམ་ཐོག་བསྐྱོད་རྗེས་གཡས་ངོགས་སུ་ཚོས་གཞི་དཀར་ལྗང་སྤེལ་མས་བརྒྱན་པའི་སྐྲུན་དངོས་གསར་པ་ཞིག་གསར་འགོད་པའི་མིག་ལམ་དུ་འཆར། མཉམ་དུ་ཡོང་མཁན་སུའུ་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དཔལ་འབྱོར་ཚོང་དོན་ཁྲུའུ་ཡི་ཚན་ཙན་ཧེ་ཧུང་ཧྲེས་དེ་ནི་ཀྲུང་གོས་སུའུ་ཏན་དུ་རོགས་སྐྱོར་བྱས་པའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་དེ་རེད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།
མ་རྨོས་ལོ་ཏོག་ཚོད་འདེབས་ས་ཞིང་དུ་ཀྲུང་གོ་ནས་ནང་འདྲེན་བྱས་པའི་རྒྱུས་འདྲེས་མ་རྨོས་ལོ་ཏོག་གི་སྐྱེ་ཚུལ་མི་རྣམས་དགའ་འོས་པ་ཞིག་ཡོད་པ་དང་དེ་ཙམ་རིང་པོ་མེད་པའི་སོག་མའི་ཐོག་ལི་སྨི 20 ཟིན་པའི་སེར་མདོག་ཅན་གྱི་མ་རྨོས་ལོ་ཏོག་སྐྱེས་ཡོད་པ་དང་། སྲིང་བལ་ཚོད་འདེབས་ས་ཞིང་ནང་ཀྲུང་གོ་ནས་ནང་འདྲེན་བྱས་པའི་གཞི་གྱིན་སྒྱུར་བའི་སྲིང་བལ་དང་སུའུ་ཏན་གྱི་ཡུལ་དེའི་སྲིང་བལ་མཉམ་གཤིབ་བྱས་ནས་བཏབ་ཡོད་པས་ཕྱོགས་གཅིག་ནི་མྱུ་གུ་རིང་བ་དང་། སྲིང་བལ་གྱི་གང་བུ་ཉུང་བ། ནད་དང་འབུའི་གནོད་འཚེ་ཚབས་ཆེ་བ་བཅས་ཡིན་པའི་སུའུ་ཏན་གྱི་ཡུལ་དེའི་སྲིང་བལ་མཐོང་རྒྱུ་ཡོད་པ་དང་ཕྱོགས་གཞན་ཞིག་ནི་མྱུ་གུ་ལྗང་མདོག་དང་། རིང་པོ་མེད་པ། ནད་དང་འབུའི་གནོད་འཚེ་མེད་པ། སྲིང་བལ་གྱི་གང་བུས་ཁེངས་པ་བཅས་ཡིན་པའི་ཀྲུང་གོའི་གཞི་གྱིན་སྒྱུར་བའི་སྲིང་བལ་མཐོང་རྒྱུ་ཡོད། སྲིང་བལ་སྡོང་རྐང་གཅིག་གི་ཐོག་སྲིང་བལ་གྱི་གང་བུ་10 ནས་20 བར་སྐྱེས་ཡོད་པ་གསར་འགོད་པས་རགས་རྩིས་བརྒྱབ་པ་ཡིན།
ཀྲུང་གོའི་ཧྲན་ཏུང་གི་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སུའུ་ཏན་ཡན་ལག་ཀུང་སིའི་སྤྱི་གཉེར་ཧོ་ཀྲའོ་ཧྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོས་སུའུ་ཏན་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱི་རྣམ་གྲངས་ནི་2006 ལོའི་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས “བྱ་ཐབས་བརྒྱད ”བཏོན་གནང་བའི་གྲས་ཤིག་ཡིན་པའི་གླིང་ཆེན་ཨ་ཧྥེ་རི་ཁར་ཁྱད་ལྡན་ཞིང་ལས་དཔེ་སྟོན་ལྟེ་གནས་10 འཛུགས་རྒྱུ་དོན་འཁྱོལ་བྱ་ཆེད་བཙུགས་པ་ཞིག་ཡིན་ཞིང་། ལྟེ་གནས་དེ་2008ལོའི་ཟླ་བ་བཅུ་པར་རྣམ་གྲངས་བཙུགས་པ་དེ་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཤོག་སྒོར་ཁྲི་4000(ཨ་སྒོར་ཁྲི་600དང་མཚུངས )སྟེར་བ་དང་2009ལོའི་ཟླ་བ་དགུ་པར་དངོས་སུ་བཙུགས་ཐོག་ཧྲན་ཏུང་ཞིང་ཆེན་གྱི་ཕྱི་ཕྱོགས་དཔལ་འབྱོར་ལག་རྩལ་མཉམ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཧྲན་ཏུང་ཞིང་ལས་ཚན་རིག་ཁང་གིས་སྐྲུན་འགན་དང་དོ་དམ་བྱེད་འགན་འཁུར་ཡོད་པ་དང་ལས་གྲྭ་དེ་འདི་ལོའི་ཟླ་བ་གསུམ་པར་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ་མ་ཟད་ཟླ་བ་དྲུག་པར་དངོས་སུ་རྩིས་སྤྲད་བྱས་ཡོད།
ཧོ་ཀྲའོ་ཧྲུན་གྱིས་ལྟེ་གནས་དེས “སྲིད་གཞུང་གི་ནང་འདྲེན་དང་། ཁེ་ལས་གཙོ་བོ། ཚན་རྩལ་གྱི་འདེགས་སྐྱོར། ཁྲོམ་རས་འཁོར་སྐྱོད ”བཅས་བྱེད་པའི་རྩ་དོན་ལྟར་ཞིང་ལས་སྐྱེ་དངོས་ཚོད་ལྟ་དང་། སོན་བཟང་འདེབས་གསོ། དཔེ་སྟོན་ཁྱབ་གདལ། ལག་རྩལ་གསོ་སྦྱོང་བཅས་ཀྱི་ལས་དོན་སྒྲུབ་རྒྱུ་ཡིན་ཞིང་། ཧྲན་ཏུང་གི་གསེར་མདོག་ཞིང་ལས་ཁེ་ལས་དང་ཐ་ན་རྒྱལ་ཡོངས་ཀྱི་ཞིང་འབྲེལ་ཁེ་ལས་ཀྱིས “ཕྱིར་བསྐྱོད་པའི ”རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་ནས་གླིང་ཆེན་ཨ་ཧྥེ་རི་ཁའི་ཞིང་ལས་མཉམ་ལས་ལ་ལྟེ་གནས་དེའི་སྣེ་འཁྲིད་ནུས་པ་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་སྦྲགས་ལག་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་རྒྱུ་ཡིན་ཞེས་བཤད།
ལྟེ་གནས་དེས་ས་ཁྱོན་སྤྱི་ཆིང་65བཟུང་ཡོད་པ་དེའི་ནང་ཚད་གཞི་མཐོ་བའི་ཚོད་འདེབས་ས་ཞིང་སྤྱི་ཆིང་55ཚུད་པ་དང་ཆུ་ལོག་སོགས་འབྲེལ་ཡོད་ཀྱི་རྟ་སྒ་ཆ་འགྲིག་གི་སྒྲིག་ཆས་འཐུས་སྒོ་ཚང་པོ་ཡོད།
དཔེ་སྟོན་ལྟེ་གནས་དེས་འཛུགས་སྐྲུན་བྱེད་ཀྱིན་ཚོད་ལྟ་བྱེད་པ་དང་ཁྱབ་གདལ་གཏོང་བའི་རྩ་དོན་ལྟར་2008ལོ་ནས་བཟུང་ཀྲུང་གོ་ནས་གྲོའི་སྣ་ཁ་695དང་། མ་རྨོས་ལོ་ཏོག་གི་སྣ་ཁ་150 སྲིང་བལ་སྣ་ཁ་30 བ་དམ་སྣ་ཁ་18སྲན་ཆེན་སྣ་ཁ་12 སྡོང་རིང་ཁྲེ་རྒོད་ཀྱི་སྣ་ཁ་4 བརྒྱུད་འདྲེས་ལོ་ཏོག་སྣ་ཁ་2 སྔོ་ཚལ་སྣ་ཁ་འགའ་ཤས་བཅས་སྔ་རྗེས་སུ་ནང་འདྲེན་བྱས་ཤིང་། ལོ་གསུམ་ཡི་ཚོད་འདེབས་བྱས་པ་བརྒྱུད་སུའུ་ཏན་གྱི་གནམ་གཤིས་ཀྱི་ཁྱད་ཆོས་དང་འཚམ་པའི་ཐོན་མཐོའི་སོན་བཟང་ལེགས་འདེམས་བྱས་པ་དང་མིག་སྔར་གྲོའི་སྣ་ཁ་3དང་། བ་དམ་གྱི་སྣ་ཁ་2 མ་རྨོས་ལོ་ཏོག་གི་སྣ་ཁ་2བཅས་སུའུ་ཏན་རྒྱལ་ཁབ་ས་ཁོངས་ནང་ཚོད་ལྟ་བྱས་པ་དང་མང་ཆེ་བའི་སྐྱེས་ཚུལ་ལེགས་པོ་ཡོད་ཁར་ལག་རྩལ་ཞིབ་འཇུག་ཁག་ལའང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
དཔེར་ན་2010ལོར་ཀྲུང་གོའི་རྒྱུད་འདྲེས་མ་རྨོས་ལོ་ཏོག་སུའུ་ཏན་རྒྱལ་ཁབ་ཀྱི་སྣ་ཁར་གཏན་འཁེལ་བྱེད་པའི་ཚོད་ལྟའི་ཁྲོད་ཆར་དུས་སུ་ཆ་སྙོམས་ཐོན་འབོར་ཏུན /སྤྱི་ཆིང་3.9བྱུང་བ་དེ་ཡུལ་དེའི་ས་བོན་གྱི་ཐོན་འབབ་དང་བསྡུར་ན་60%འཕར་བ་དང་དགུན་དུས་ཀྱི་ཚོད་ལྟའི་ཁྲོད་ཐོན་འབོར་ཏུན /སྤྱི་ཆིང་5.9བྱུང་བ་དེ་ཡུལ་དེའི་ས་བོན་གྱི་ཐོན་འབབ་དང་བསྡུར་ན་46%འཕར་ཡོད། ཧྥ་དབུ་དཔེ་སྟོན་ལྟེ་གནས་སུ་2010ལོའི་ཆར་དུས་ཀྱི་ཐོན་འབབ་ཆེན་པོའི་འགག་སྒྲོལ་ཚོད་ལྟ་བྱས་པ་བརྒྱུད་ཐོན་འབོར་ཏུན /སྤྱི་ཆིང་6.2ཟིན་ཡོད། ཀྲུང་གོའི་སྲིང་བལ་སྣ་ཁ་2ཚོད་ལྟ་བྱས་པ་བརྒྱུད་མུའུ་རེར་ཆ་སྙོམས་ཐོན་འབབ་སྤྱི་རྒྱ་230དང་སྤྱི་རྒྱ་318བྱུང་བ་དེ་ཡུལ་དེའི་སྲིང་བལ་སྣ་ཁའི་ཐོན་འབབ་དང་བསྡུར་ན་77.2%དང་100%ཡན་འཕར་ཡོད། ཀྲུང་གོའི་གྲོའི་སྣ་ཁ་དང་ཡུལ་དེས་ཁྱབ་གདལ་གཏོང་བའི་ས་བོན་དང་བསྡུར་ནས་ཚོད་ལྟ་བྱས་པ་བརྒྱུད་རང་རྒྱལ་གྱི་ས་བོན་ཕེ་ཏན (མུའུ་6.3དང་མཚུངས )1ལ་ཐོན་འབབ་སྤྱི་རྒྱ་1452བྱུང་བ་དེ་ཡུལ་དེའི་སྣ་ཁ་ལས་ཐོན་འབབ་སྤྱི་རྒྱ་270འཕར་ཡོད། ཀྲུང་གོ་ནས་ནང་འདྲེན་བྱས་པའི་བ་དམ་སྣ་ཁ་18ཚོད་ལྟ་བྱས་པར་ཐོན་འབབ་ཧ་ཅང་ཡག་པོ་བྱུང་བ་དེ་སྤྱི་ཆིང་རེའི་བ་དམ་ཐོན་འབོར་དེ་ཏུན་3.5ནས་ཏུན་5.1བར་ཟིན་ཡོད། སུའུ་ཏན་གྱི་ཞིང་ནགས་པུའུ་ཀྲང་སོགས་འབྲེལ་ཡོད་ཕྱོགས་ཀྱིས་ཀྲུང་གོའི་བ་དམ་གྱི་སྣ་ཁའི་སྐྱེ་ཚུལ་ལ་ཧ་ཅང་དགའ་པོ་བྱུང་ནས་རྒྱ་ཁྱོན་ཆེ་བའི་ས་ཆར་བ་དམ་ནང་འདྲེན་བྱས་ཏེ་འདེབས་འཛུགས་བྱ་རྒྱུ་ཡིན་པ་མ་ཟད་ཚོང་ལས་ཅན་གྱི་ཐོན་སྐྱེད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཀྲུང་གོས་སུའུ་ཏན་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་དཔེ་སྟོན་ལྟེ་གནས་དེས་སུའུ་ཏན་གྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་སུའུ་ཏན་སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།