དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སངས་རྒྱས་ཀྱི་ཚེམས་དེ་ཉིད་འབར་མར་མཆོད་འབུལ་བྱེད་རྒྱུར་གདན་འདྲེན་ཐེངས་བཞི་པ་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་11ཚེས་6ཉིན་པེ་ཅིང་ནུབ་རིའི་ལིང་ཀོང་དགོན་དུ་བཞུགས་པའི་སངས་རྒྱས་ཤཱཀྱ་མུ་ནེའི་ཚེམས་དེ་ཉིད་འབར་མར་མཆོད་འབུལ་བྱེད་རྒྱུར་གདན་འདྲེན་ཐེངས་བཞི་པ་ཞུས་པ་རེད།

        ཚེས་6ཉིན་གྱི་ཐོ་རེངས་སངས་རྒྱས་ཀྱི་ཚེམས་འབར་མར་མཆོད་འབུལ་བྱེད་རྒྱུར་གདན་འདྲེན་ཞུ་བའི་སྨོན་ལམ་དེ་པེ་ཅིང་གི་སྐད་གྲགས་ཡོད་པའི་སངས་རྒྱས་ཆོས་ལུགས་ཀྱི་གནས་མཆོག་ལིང་ཀོང་དགོན་དུ་འཚོགས་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས། འབར་མའི་ཆོས་ལུགས་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་དེ་བཞིན་ཀྲུང་གོར་བཅའ་སྡོད་འབར་མའི་གཞུང་ཚབ་ཆེན་མོ་དང་པེ་ཅིང་ཆོས་ལུགས་ལས་རིགས་ཀྱི་དད་ལྡན་མང་ཚོགས་ཆིག་སྟོང་ཙམ་གདན་འདྲེན་ཞུ་བའི་སྨོན་ལམ་ནང་ཞུགས་པ་རེད།

        ཐེངས་འདིར་སངས་རྒྱས་ཀྱི་ཚེམས་དེ་ཉིད་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱིས་གདན་འདྲེན་ཞུས་པ་ལྟར་ཟླ་11ཚེས་6ཉིན་ནས་ཟླ་12ཚེས་24ཉིན་བར་འབར་མའི་ནེ་པེ་ཏུའུ་དང་། ཡང་ཀོང་། མན་ཏེ་ལེ་བཅས་གྲོང་ཁྱེར་གསུམ་དུ་ཁྱོན་ཉིན་48རིང་མཆོད་འབུལ་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།