དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱ་སྐད་ཁྱབ་སྤེལ་གྱི་དམངས་ཁྲོད་སྟོབས་ཤུགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་དབྱང་དང་ཧྥན་ལི་ཡས།   |     སྤེལ་དུས།  2015-05-15

        ཨ་རིའི་རྒྱ་ཡིག་སློབ་གྲྭའི་མཐུན་ཚོགས་ཀྱིས་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་ཨ་རིར་རྒྱ་ཡིག་སློབ་གྲྭ་400ལས་བརྒལ་ཡོད་པ་རེད། རྒྱ་ཡིག་སློབ་གྲྭ་དེ་དག་མང་ཆེ་བ་ཁེ་གཉེར་མིན་པའི་སྒྲིག་གཞི་ཡིན་པ་དང་ཕྱི་རྒྱལ་དུ་སློབ་གཉེར་བྱེད་མཁན་ཀྲུང་གོའི་སློབ་མ་དང་ཨ་རིར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་ཀྱིས་རང་འགུལ་ངང་གཉེར་བ་ཞིག་རེད།

        ལོ་བདུན་གྱི་གོང་ཁུང་ཙིའི་སློབ་གླིང་དང་པོ་ཨ་རིར་བཙུགས་ཚུན་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བས་གཉེར་བའི་རྒྱ་ཡིག་སློབ་གྲྭ་ཨ་རི་ཡོངས་སུ་ཁྱབ་ཡོད་པ་རེད།

        རེ་བའི་རྒྱ་ཡིག་སློབ་གྲྭ་ནི་ཝ་ཧྲིང་ཐོན་ས་ཁུལ་དུ་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱ་ཡིག་སློབ་གྲྭ་ཞིག་ཡིན་པ་དང་སློབ་གྲྭ་དེ་1995ལོར་བཙུགས་ཤིང་། མིག་སྔར་སློབ་ཁུལ་6དང་སློབ་མ་4000ལས་བརྒལ་བའི་སློབ་གྲྭ་ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་རེད། “རྒྱ་ཡིག་སློབ་གྲྭ་དེ་ཐོག་མར་འཛུགས་སྐབས་སློབ་མ་ཉི་ཤུ་སུམ་ཅུ་ཙམ་ལས་མེད ”ཅེས་རེ་བའི་རྒྱ་ཡིག་སློབ་གྲྭའི་ཀེ་གྲོང་སློབ་ཁུལ་གྱི་དེ་སྔའི་ཞའོ་ཀྲང་ཝང་ཕུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

        རེ་བའི་རྒྱ་ཡིག་སློབ་གྲྭ་གཙོ་བོ་གཟའ་མཇུག་ཏུ་འཚོག་གི་ཡོད་པ་དང་སློབ་ཁྲིད་སྐབས་སློབ་མའི་སྐད་ཡིག་གི་རྨང་གཞིར་གཞིགས་ནས་རིགས་གཉིས་སུ་དབྱེ་བ་སྟེ། རྒྱ་ཡིག་གཙང་མའི་འཛིན་གྲྭ་དང་སྐད་གཉིས་འཛིན་གྲྭ་གཉིས་ཡོད། དེའི་ཁྲོད་རྒྱ་ཡིག་གཙང་མའི་འཛིན་གྲྭར་སློབ་ཞུགས་གོང་གི་འཛིན་གྲྭ་ཡན་གྱི་ལོ་རིམ་14ཚུད་ཡོད་པ་དང་སྐད་གཉིས་འཛིན་གྲྭ་ནི་གཙོ་བོ་ཕྱིར་སྡོད་ཀྲུང་གོའི་མི་རྒྱུད་མིན་པའི་ཨ་རིའི་གཞོན་ནུ་དང་ལོ་ཆུང་ཚོར་དམིགས་ནས་གཉེར་བ་ཞིག་རེད། སློབ་གྲྭས་རྒྱ་ཡིག་ཕུད་ད་དུང་སློབ་མ་ཚོར་གླུ་གར་དང་། རོལ་ཆ། སྤོ་ལོའི་རིགས་དང་དྲག་རྩལ་སོགས་ཀྲུང་གོའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་འཚོག་གི་ཡོད་པ་རེད།

        “ད་ཕན་ལོ་ཤས་རིང་རྒྱ་ཡིག་སྦྱོང་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་གནས་བབ་ཉིན་བཞིན་མཐོ་རུ་ཕྱིན་པ་དང་ཕྱིར་སྡོད་རང་མིའི་མི་རིགས་ཀྱི་རང་བློ་རང་འཁེལ་གྱི་བསམ་པའང་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད། དེས་ན་ཁོང་ཚོར་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་གོའི་རིག་གནས་དང་ལོ་རྒྱུས་ཕྱིས་རབས་པ་ཚོར་རྒྱུན་འཛིན་བྱེད་དུ་འཇུག་འདོད་ཀྱི་བསམ་པ་ཤུགས་ཆེན་ལྡན་པ་དང་དུས་མཚུངས་ཨ་རིའི་དམངས་ཚོགས་དེ་བས་མང་བར་ངོ་སྤྲོད་བྱེད་འདོད་ཡོད་པ་རེད ”ཅེས་དང “རྒྱ་ཡིག་སློབ་གྲྭ་དང་ཨ་རིའི་ས་གནས་དེ་གའི་སྤྱི་ཚོགས་དབར་འབྲེལ་བ་དམ་ཟབ་ཡོད་ལ་ཨ་རི་བ་དེ་བས་མང་བས་ཀྲུང་གོའི་སྐད་ཡིག་དང་རིག་གནས་ཤེས་རྟོགས་ཐུབ་ཀྱི་ཡོད ”ཅེས་ཝང་ཕུང་གིས་བཤད།

        “སྐད་ཡིག་སློབ་ཁྲིད་ནི་ཁྱབ་ཁོངས་མང་པོ་དང་འབྲེལ་བའི་རིག་ཚན་ཞིག་ཡིན་པས་རྒྱབ་སྐྱོར་དེ་བས་མང་བ་ཐོབ་རྒྱུ་དང་ཀྲུང་གོའི་སློབ་ཆུང་སྐད་ཡིག་མཐུན་ཚོགས་སོགས་ཆེད་ལས་སྒྲིག་གཞི་དང་མཉམ་ལས་དེ་བས་མང་བ་ཐུབ་རྒྱུའི་རེ་བ་ཡོད ”ཅེས་ཝང་ཕུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།