མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཐི་རི་ཕོ་ལི་ནས་གནས་ཚུལ་འབྱོར་བར་ཨ་རབ་སྨྱན་སྦྱོར་ཚན་པས་ཚེས་3ཉིན་ཐི་རི་ཕོ་ལིའི་སྨན་ཁང་གི་སྨན་པ་ཞིག་གི་སྐད་ཆ་དྲངས་ནས་ཐི་རི་ཕོ་ལིའི་སྨན་ཁང་ཉེ་འགྲམ་དུ “བར་བརྒལ་ཨུ་ཡོན་ལྷན་ཁང ”གི་དྲག་ཆས་མི་སྣ་དང་མེ་མདའ་རྒྱག་རེས་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་ཐོན་པ་དང་གདོང་ཐུག་བྱུང་རྐྱེན་ནི་ཅིན་ཐན་ས་ཁུལ་གྱི་དྲག་ཆས་མི་སྣས་སྨན་ཁང་ནང་དུ་གཤག་བཅོས་བྱེད་བཞིན་ཡོད་པའི་ནད་པ་ཞིག་འཁྲིད་རྩིས་བྱས་པས་སྨན་ཁང་སྲུང་མཁན་དཔུང་སྡེ་དང་མེ་མདའ་རྒྱག་རེས་བྱས་ཡོད་ཅེས་བཤད། མེ་མདའ་རྒྱག་རེས་ཆུ་ཚོད་གསུམ་བྱས་རྗེས་མཐར་ཕྱོགས་གཉིས་པོའི་འགན་འཁུར་བ་དང་ཆོས་ལུགས་མི་སྣའི་བར་འདུམ་འོག་མེ་མདའ་རྒྱག་མཚམས་བཞག་པ་དང་གདོང་ཐུག་ནང་མི་3ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བརྗོད་ཡོད། དབྱེ་ཞིབ་བྱས་པ་ལས་དོན་རྐྱེན་དེས་ཐི་རི་ཕོ་ལིའི་དམངས་ཚོགས་ཀྱིས་དྲག་ཆས་པ་ད་དུང་གནས་པའི་སེམས་ཁྲལ་དེ་དེ་བས་ཆེ་རུ་ཕྱིན་པའི་ངོས་འཛིན་བྱས་ཡོད།
གཞན་ཡང “བར་བརྒལ་ཨུ་ཡོན་ལྷན་ཁང ”གིས་ད་དུང་དེ་གོང་རྫས་འགྱུར་མཚོན་ཆ་འཇོག་སའི་གསང་བའི་གནས་གཉིས་ཁྱབ་བསྒྲགས་བྱས་པ་རེད། ཉར་ཚགས་བྱས་པའི་སྐེ་ཚེའི་དྲི་མ་ལྟར་སྣང་གི་དུག་རླངས་དམག་དོན་ཐད་འཕྲལ་མར་སྤྱོད་རྒྱུ་ཡིན་ལུགས་བཤད་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཚེས་2ཉིན་ཁ་ཀྲ་ཧྥེའི་བུ་སའེ་དབྱི་ཕུའུ ·དབྱི་སི་ལན་གླས་དམག་གི་རོགས་རམ་འོག་ལི་པི་ཡ་ནས་བྲོས་བྱོལ་དུ་འགྲོ་རྒྱུའི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་པ་རེད།