དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མོང་གོལ་གྱིས་དུ་མེད་ཐབ་ཆས་ཁྱབ་གདལ་བཏང་ནས་མཁའ་རླུང་སྦགས་བཙོག་བཅོས་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མོང་གོལ་གྱི་རྒྱལ་ཁབ་ཧུའུ་ལའར་ཆེ་མོའི་རང་བྱུང་ཁོར་ཡུག་དང་ཞིང་འབྲོག་ལས་རིགས་ཀྱི་རྒྱུན་བཙུགས་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་རྒྱལ་ཁབ་དེའི་2012ལོའི་སྔོན་རྩིས་འཆར་ཟིན་གྲོས་བསྡུར་བྱེད་སྐབས་རྒྱལ་སའི་མཁའ་རླུང་སྦགས་བཙོག་བཅོས་རྒྱུ་དེ་མ་འཇོག་རྣམ་གྲངས་གལ་ཆེན་ཞིག་ཏུ་བརྩི་རྒྱུའི་བླང་བྱ་བཏོན་ཞིང་། མོང་གོལ་སྲིད་གཞུང་གིས་འདི་ལོའི་དགུན་ཁར་ཁང་པ་ཐོག་གཅིག་མའི་ཁུལ་གྱི་ཡུལ་མིར་དུ་མེད་ཐབ་ཆས་ཆ་ཚང་ཁྲི་7མཁོ་འདོན་བྱས་ནས་འདི་ལོའི་དགུན་ཁར་ཨུ་ལན་དཔའ་ཐུལ་གྱི་མཁའ་རླུང་སྦགས་བཙོག་བྱུང་ཚད་20%ཉུང་དུ་གཏོང་རྒྱུ་དང་དུས་སང་ད་དུང་དུ་མེད་ཐབ་ཆས་ཆ་ཚང་ཁྲི་11མཁོ་འདོན་བྱེད་རྒྱུའི་འཆར་གཞི་བཟོས་པ་རེད།

        བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཨུ་ལན་དཔའ་ཐུལ་གྱི་སོག་གུར་ཁུལ་དང་ཁང་པ་ཐོག་གཅིག་མའི་ཁུལ་དུ་ཧ་ལམ་ཡུལ་མི་དུད་ཚང་ཁྲི་18ཡོད་པ་དེ་དག་གིས་དགུན་ཁར་གཙོ་བོ་རྡོ་སོལ་དང་། ཤིང་ཆ། རླངས་འཁོར་གྱི་འགྱིག་འཁོར་ཪྙིང་རོ་བཅས་བསྲེགས་ནས་དྲོད་ལེན་པར་བརྟེན་མཁའ་རླུང་ལ་སྦགས་བཙོག་ཚབས་ཆེན་ཐེབས་ཏེ་ས་གནས་དེ་གའི་ཡུལ་མི་དང་ཁྱད་པར་དུ་བྱིས་པ་ཚོའི་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་བཟོས་ཡོད་པ་རེད།

        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉེ་ཆར་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དེ་འཛམ་གླིང་གི་མཁའ་རླུང་སྦགས་བཙོག་ཚབས་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་སུ་ཚུད་ཡོད་པ་ཡོངས་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།