ཉི་མའི་དུས་ཆེན་ནི་གནའ་རབས་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན། དད་ལྡན་པ་ཚོས་དུས་ཆེན་དེའི་རིང་ཉི་ལྷར་ཕྱག་མཆོད་བྱེད་པ་དང་ཁོང་ཚོས་ཉི་ལྷར་ཕྱག་མཆོད་བྱས་པ་བརྒྱུད་ཚེ་རིང་དང་བདེ་ཐང་ཡོང་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད། དུས་ཡུན་ཉིན་བཞི་ཡིན་པའི་ཉི་མའི་དུས་ཆེན་དེ་ཟླ་11ཚེས་2ཉིན་ཉི་གཞོན་ལ་ཕྱག་མཆོད་བྱས་རྗེས་མཇུག་འགྲིལ་ཞིང་། འདི་ནི་ཟླ་11ཚེས་1ཉིན་ནེ་པ་ལའི་རྒྱ་གར་ཆོས་ལུགས་ཀྱི་དད་ལྡན་པ་ཚོས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ཉི་མའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཐོག་ནུབ་ཁའི་ཉི་མར་ཕྱག་མཆོད་བྱེད་པའི་གནས་ཚུལ་ཡིན་པ།