དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཝན་ཧྲེང་དུས་ཆེན་གྱི་མཚན་མོར་སྡུག་བསྔལ་དང་སེམས་ཁྲལ་སེལ་བར་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཟླ་10ཚེས་31ཉིན་གྱི་དགོང་མོའི་ཆུ་ཚོད་6པ་འདས་མ་ཐག་གདོན་འདྲེ་སྣ་ཚོགས་སུ་བརྫུས་པའི་ཡུལ་སྐོར་བ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ཧྲེང་མོ་ཉི་ཁ་ཁྲོམ་ལམ་ཆེན་པོར་འདུས་ཏེ་ལུའོ་ཧྲན་ཅིའི་ལོ་རེའི་ཐེངས་གཅིག་གི་ཝན་ཧྲེང་མཚན་མོའི་མཛེས་སྤྲས་ཁྲོམ་སྐོར་ཆེ་མོ་དུས་ཐོག་ཏུ་བྱས་པ་རེད།

        ཝན་ཧྲེང་དུས་ཆེན་ནི་ནུབ་ཕྱོགས་རིག་གནས་ཁྲོད་སྐད་གྲགས་ཡོད་པའི་གདོན་འདྲེའི་དུས་ཆེན་ཡིན་ནའང་ལོ་ལྟར་གྱི་ཧྲེང་མོ་ཉི་ཁ་ཁྲོམ་གཞུང་ཆེན་པོའི་ཁྲོམ་སྐོར་དཔུང་ཁག་ཁྲོད “འདྲེ་མགོ་འདྲེ་གདོང ”ཙམ་གྱི་ལྷན་འཛོམས་ཙམ་ཞིག་མ་ཡིན་པ་སྟེ། འདས་པའི་ལོ་གཅིག་རིང་གི་སྐབས་ཤིག་རིང་དར་ཁྱབ་ཆེ་བའི་མི་སྣ་དང་ཡུལ་ལྗོངས་གལ་ཆེན་ཚང་མ་འདུ་འཛི་ཆེ་བའི་དུས་སྐབས་སུ་བསྐྱར་མངོན་བྱེད་པས་གདོན་འདྲེའི་དུས་ཆེན་དེའང་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་གྱུར་པ་རེད།

        མཚན་མོར་ཧྲེང་མོ་ཉི་ཁ་ཁྲོམ་གཞུང་ཆེན་པོའི་མི་ཚོགས་ནི་ཇེ་ཉུང་དུ་མི་འགྲོ་བ་དང་། “དམིགས་བསལ་དམག་མི ”དང་། “གངས་དཀར་སྲས་མོ ”“འགྱིག་སོབ་ཕྲུ་གུ ”བཅས་ཚང་མ་འདུ་འཛིར་བལྟ་རུ་ཡོང་ཞིང་། “གདོང་སྨུག་མཆེ་བ་ཅན ”དུ་སྤྲས་པའི་ཕོ་གསར་ཞིག་གིས་གསར་འགོད་པར་འཚོ་བའི་ཁྲོད་སྡུག་བསྔལ་དང་སེམས་ཁྲལ་མང་པོ་ཡོད་པས་ཝན་ཧྲེང་དུས་ཆེན་བཏང་ནས་སྐད་ཅོར་དང་འདུ་ལོང་བྱེད་པ་དེ་ཡང་སེམས་ཁྲལ་སེལ་སྟངས་ཤིག་རེད་འདུག་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།