དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • པང་ཁོག་གི་ཆུ་སྐྱོན་གྱི་གནས་ཚུལ་ཞི་ལྷོད་དུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཐེ་གོའི་ཙུང་ལི་དབྱིང་ལ་ཡིས་ཟླ་10ཚེས་31ཉིན་པང་ཁོག་གི་ཆུ་སྐྱོན་གྱི་གནས་ཚུལ་ཞི་ལྷོད་དུ་སོང་བ་དང་ད་ཆ་ནས་བཟུང་པང་ཁོག་གི་གནོད་འཚེ་མུ་མཐུད་ཇེ་སྡུག་ཏུ་ཕལ་ཆེར་འགྲོ་མི་སྲིད། གལ་སྲིད “ཆུ་སྒོ་ཚང་མ་ཚོད་འཛིན་ཐུབ ”ཚེ་མ་འོངས་ཉིན་གཅིག་གཉིས་ནང་ཆུ་སྐྱོན་ཞི་ལྷོད་དུ་འགྲོ་སྲིད། མིག་སྔར་པང་ཁོག་ཤར་རྒྱུད་ཀྱི་ཆུ་ལོག་ཕྱིར་འབུད་ཀྱི་གནས་ཚུལ་ལེགས་པོ་ཡོད་པ་དང་པང་ཁོག་ནུབ་རྒྱུད་ཀྱི་ཆུ་འགོག་གནས་ཚུལ་སྔར་བཞིན་ཛ་དྲག་པོ་ཡོད་པས་པང་ཁོག་གྲོང་ཁྱེར་ནང་གི་ས་ཆ་དུམ་བུ་ཁག་གཅིག་སྔར་བཞིན་ཆུ་ལོག་གིས་ཐོན་ཡོད་ཅེས་བརྗོད།

        ཐེ་གོའི་ཆུའི་ཐོན་ཁུངས་དོ་དམ་སྡེ་ཚན་གྱི་སྲུང་སྐྱོང་ནུས་ལྡན་བྱུང་བ་ལས་མིག་སྔར་ཐེ་གོའི་བཟོ་གྲྭ་དང་ཕྱིར་འཚོང་བྱ་ཡུལ་ཚང་མར་རང་འབབ་ཆུ་ཀ་ལ་མཁོ་འདོན་རྒྱུན་གཏན་ལྟར་བསྐྱར་གསོ་བྱུང་ཡོད་ཅེས་བརྗོད་པ་དང་ཡང་དབྱིད་ལ་ཡིས་ཐེ་གོའི་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་ལ་ཉུང་མཐར་ཡང་དུས་ཡུན་ཟླ་3ཙམ་དགོས་པ་དང་སྔོན་རྩིས་རགས་ཙམ་བྱས་པ་ལྟར་ན་ཐེ་གོའི་སྒོར་མོ་དུང་ཕྱུར་800(ཨ་སྒོར་1ལ་ཐེ་གོའི་སྒོར་མོ་30ཙམ་ཡིན་པ )དགོས་པ་དང་གཞན་ཡང་ཐེ་གོའི་སྒོར་མོ་དུང་ཕྱུར་3000དངུལ་བུན་གཡར་ནས་ཆུ་ལོག་གི་ཤུགས་རྐྱེན་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་རམ་བྱེད་དགོས་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།