མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པང་ཁོག་ནས་གློག་འཕྲིན་འབྱོར་གསལ།་ཚགས་པར་ཁང་དུ་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31 ཉིན་རི་པིན་གྱི་དབུ་བཞུགས་བློན་ཆེན་ཡེ་ཐེན་ཅ་ཡན་གྱིས་རི་པིན་དུ་འཚམས་འདྲི་གནང་བཞིན་ཡོད་པའི་ཝེ་ཐེ་ནམ་གྱི་ཙུང་ལི་རོན་ཅིན་ཡུང་དང་གྲོས་མོལ་གནང་བ་དང་རི་པིན་གྱི་ཉིང་རྡུལ་གློག་ཕྱིར་གཏོང་དང་ཞི་ཐུའུ་ཐུན་མོང་ཐོག་གསར་སྤེལ་བྱ་རྒྱུའི་ཐད་ཕྱོགས་གཉིས་པོས་མཉམ་ལས་ཀྱི་གྲོས་མཐུན་བཞག་གནང་བ་མ་ཟད་རྒྱལ་ཁབ་གཉིས་པོའི་འགོ་གཙོས་ཀྱང་ད་དུང་གོང་གསལ་གྱི་ནང་དོན་ཚུད་པའི 《རི་པིན་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས 》ལའང་མཚན་རྟགས་བཀོད་གནང་བ་རེད། དབུ་བཞུགས་བློན་ཆེན་ཡེ་ཐེན་ཅ་ཡན་གྱིས་གསར་འགོད་པ་དང་མཇལ་འཕྲད་གནང་སྐབས་ཝེ་ཐེན་ནམ་ནི་རི་པིན་གྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན་པས་ཝེ་ཐེ་ནམ་འདི་ཉིད་རི་པིན་སྲིད་གཞུང་གིས་གསར་སྤེལ་དང་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཅིག་ཏུ་གཙོ་བོར་བརྩིས་ནས་རྒྱལ་ཁབ་དེའི་རྨང་གཞིའི་སྒྲིག་བཀོད་སྐྲུན་རོགས་བྱ་རྒྱུའི་རེ་བ་ཡོད། ཝེ་ཐེ་ནམ་གྱི་བརྟན་ལྷིང་དང་འཕེལ་རྒྱས་དེ་རི་པིན་རྒྱལ་ཁབ་ཀྱི་ཁེ་ཕན་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཡིན་ཞེས་བཤད རོན་ཅིན་ཡུང་གིས་རི་པིན་གྱིས་ཕུའུ་ཏའོ་ཡི་ཉིང་རྡུལ་ལས་འཛོལ་གྱི་བསླབ་བྱ་དང་ལེན་བྱས་ཏེ་ཝེ་ཐེ་ནམ་ལ་གོ་ལ་ཧྲིལ་པོའི་བདེ་འཇགས་ལྡན་པའི་ཉིང་རྡུལ་གློ རི་པིན་གྱིས་ཝེ་ཐེ་ནམ་ལ་རི་པིན་གྱི་དངུལ་བུནདུང་ཕྱུར་926 (མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་75.5 ཡིན་པ )བཏང་ནས་མཚོ་ཁུག་སོགས་རྨང་གཞིའི་སྒྲིག་བཀོད་སྐྲུན་རྒྱུའི་ཐད་སྤྱོད་རྒྱུ་ཕྱོགས་གཉིས་པོས་གྲོས་མཐུན་བཞག་པ་རེད།