དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོ་དང་རྒྱ་གར་སོགས་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ལ་འབྲེལ་ཡོད་གནམ་གཤིས་འགྱུར་བའི་སྐོར་གྱི་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུའི་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་། རྒྱ་གར། པར་ཙིར། ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱི་གནམ་གཤིས་འགྱུར་བའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་དགུ་པ་ཚེས་1ཉིན་པེ་ཅིང་དུ་གྲོལ་ཞིང་། རྒྱལ་ཁབ་བཞི་པོའི་སྐུ་ཚབ་ཀྱིས་ཚོགས་འདུ་གྲོལ་རྗེས་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་འདི་ལོའི་ལོ་མཇུག་ཏུ་ཏེ་པན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་ཚོགས་འདུ་གཙོ་གཉེར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་དང་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ལ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་ཆབས་ཅིག་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་མ་དངུལ་དང་ལག་རྩལ་སོགས་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་གཅོག་རྒྱུར་རོགས་རམ་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་ཡོད་པ་རེད།

        《ཀྲུང་གོ་དང་། རྒྱ་གར། པར་ཙིར། ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱི་གནམ་གཤིས་འགྱུར་བའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་དགུ་པའི་མཉམ་འབྲེལ་གསལ་བསྒྲགས 》ནང 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྐོར་གྱི་སྒྲོམ་གཞིའི་སྤྱི་ཆིངས 》དང 《ཅིང་ཏུའུ་གྲོས་ཆོད་ཡི་གེ 》ཁྱོན་ཡོངས་དང་རྒྱུན་མཐུད་ནས་དོན་འཁྱོལ་ཡོང་བ་བྱ་ཆེད་ཏེ་པན་ཚོགས་འདུ་དེས་དྲང་གཞག་དང་ཐུན་མོང་ལྡན་རུང་འགན་འཁྲིར་དབྱེ་བ་ཡོད་པའི་རྩ་དོན་གཞིར་བཟུང་རྒྱ་ཁྱབ་དང་། དྲང་གཞག དོ་སྙོམས་བཅས་ཀྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་པ་དང་། 《ཅིང་ཏུའུ་གྲོས་ཆོད་ཡི་གེ 》སྒྲུབ་རྒྱུ་ཁས་ལེན་གྱི་དུས་བཀག་གཉིས་པ་གཏན་འཁེལ་བྱེད་དགོས་ཞེས་བསྟན་པ་དེའི་ནང་ཆིངས་ཡིག་འཇོག་མཁན་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་ཕྱོགས་ཀྱིས་དྲོད་ཁང་རླུང་གཟུགས་འབུད་ཚད་གཏན་འབེབས་བྱ་རྒྱུའི་ཁས་ལེན་བྱེད་དགོས་པ་དང་འབྲེལ་ཡོད་གནམ་གཤིས་འགྱུར་བའི་སྤྱི་ཆིངས་དང་གྲོས་ཆོད་ཡི་གེའི་ཐོག་མིང་རྟགས་བཀོད་མེད་པའི་འཕེལ་རྒྱས་འགྲོ་ཆེ་བའི་རྒྱལ་ཁབ་ཀྱིས་བསྡུར་གཞི་ཡོད་པའི་དྲོད་ཁང་རླུང་གཟུགས་འབུད་ཚད་གཏན་འབེབས་བྱ་རྒྱུའི་ཁས་ལེན་བྱེད་དགོས་པ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།