དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཕ་ཁི་སི་ཐན་འདི་ཉིད་ཁོངས་མིའི་རྒྱལ་ཁབ་ཏུ་བརྩིས་རྒྱུར་ཆོག་མཆན་སྤྲད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཕ་ཁི་སི་ཐན་ནས་གློག་འཕྲིན་འབྱོར་གསལ། ཟླ་10 ཚེས་31 ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་ཐོག་འདེམས་ཤོག་འཕངས་ནས་ཕ་ཁི་སི་ཐན་འདི་ཉིད་ཁོངས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོག་ནས་རྩ་འཛུགས་དེའི་ནང་ཞུགས་རྒྱུའི་གྲོས་གཞིར་གྲོས་འཆམ་བྱུང་བ་དང་དེའང་ཕ་ཁི་སི་ཐན་རྒྱལ་ཁབ་འདི་ཉིད་ཁོངས་མིའི་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིའི་ནང་ཞུགས་རྒྱུར་ཆོག་མཆན་ཐོབ་ཐེངས་དང་པོ་དེ་ཡིན་པ་རེད།

        དེ་གོང་ཨ་རི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོས་གལ་ཏེ་ཕ་ཁི་སི་ཐན་འདི་ཉིད་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ནང་འཇོག་རོགས་བྱས་ཚེ་རྩ་འཛུགས་དེར་མ་དངུལ་ཐོག་གི་རོགས་རམ་བྱེད་མཚམས་འཇོག་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་མྱོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།