དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཅིང་ཅུས་ཟློས་གར་གྱིས“གཞན་གྱི་མཐུན་རྐྱེན་ལ་བརྟེན་ནས་ཕྱིར་བསྐྱོད”བྱས་པས་མོ་ཞི་ཁོ་རུ་སྙན་གྲགས་ཆོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ།ཙོའུ་ཀྲེ་ཕུང་གིས།   |     སྤེལ་དུས།  2015-05-15

        གློག་སྒྲོན་བཀྲག་མདངས་ཆེ་བ་དང་། རྒྱན་གོས་རྣམ་པར་བཀྲ་བ། བཟོ་ལྗོངས་བརྗིད་ཉམས་ལྡན་པ། གཞས་གདངས་སྙན་པ་སོགས་ཀྱི་ཐོག་ནས་ཀྲུང་གོའི་ཀན་སུའུ་ཞིང་ཆེན་ཅིང་ཅུས་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་ཚོས་ཉིན་ཤས་གོང་མོ་ཞི་ཁོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཀྭ་ན་ཧྭ་ཐུའོ་རུ་ཤར་ནུབ་ཀྱི་སྒྱུ་རྩལ་ཉིང་བཅུད་ཟུང་དུ་འབྲེལ་བའི “ཨན་ཐུའུ་ཧྲེང་གི་བྱིས་སྒྲུང་གི་ཅིང་ཅུས་ཟློས་གར ”《ངང་དཀར 》ཞེས་པ་དེ་འཁྲབ་སྟོན་བྱས་ཏེ་ལྟད་མོ་བ་ལྔ་སྟོང་ཙམ་གྱི་ཡིད་དབང་འཕྲོག་ནས་འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

        “ཀྲུང་གོའི་ཅིང་ཅུས་ཟློས་གར་ནི་ལྟ་བས་མི་ངོམ་པ་ཞིག་ཡོད་ཅིང་། རྣ་བར་སྙན་པའི་ཤར་ཕྱོགས་ཀྱི་རོལ་དབྱངས་ནི་མི་རྣམས་ཀྱི་ཡིད་མྱོས་པ་ཞིག་ཡོད་པས་དངོས་འབྲེལ་ལྟད་མོ་ཆེན་པོ་འདུག ”ཅེས་གསར་འགོད་པའི་འགྲམ་དུ་ཡོད་པའི་ལོ་ན་62ལ་སོན་པའི་སྨན་པ་ཕེ་ཏེ་ལི་ཁོའོ་ཡིས་བསྔགས་བརྗོད་བྱེད་བཞིན་དུ་ཐལ་མོ་ཡང་ཡང་བརྡབས། ཁོང་གིས་ལེ་དབར་ཁྲི་ཡིས་ཆོད་པའི་ཀྲུང་གོར་རྒྱུས་མངའ་དེ་ཙམ་མེད་མོད། འོན་ཀྱང 《ངང་དཀར 》ཞེས་པའི་ཅིང་ཅུས་དེས་རང་ཉིད་རྒྱ་ཆེ་ལ་གཏིང་ཟབ་པའི་ཤར་ཕྱོགས་རིག་གནས་ཐད་ཀར་ཉམས་སུ་མྱོང་བའི་གོ་སྐབས་ཐེངས་ཤིག་སྦྱིན་བྱུང་ཞེས་སྦ་གསང་མེད་པར་བརྗོད།

        དེ་ཙམ་གྱིས་མ་ཟད་ད་དུང་མོ་ཞི་ཁོའི་ན་གཞོན་གྱི་ཁྲོད་དུ་ཟློས་གར་དེར་སྙན་གྲགས་ཆེན་པོ་བྱུང་ཞིང་། ལོ་21ལ་སླེབས་པའི་སློབ་ཆེན་གྱི་སློབ་མ་ལི་ག་ཏུའོ་ཡིས་སྤྲོ་བ་ཆེན་པོས་གསར་འགོད་པར “ན་གཞོན་མང་པོ་ཞིག་མ་གཞི་བྱས་ན་ཨན་ཐུའུ་ཧྲེང་གི་བྱིས་སྒྲུང་ལ་དམིགས་ནས་ཡོང་བ་ཞིག་ཡིན་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ ‘ཅིང་ཅུས་ཟློས་གར ’གྱི་ཐུན་མོང་མ་ཡིན་པའི་འཁྲབ་སྟོན་བྱེད་སྟངས་ཀྱིས་ང་ཚོར་སྤྲོ་སྣང་སྦྱིན་པ་དང་ཤར་ནུབ་གཉིས་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་ཟློས་གར་ནང་ཟུང་འབྲེལ་ལེགས་པོ་དེ་འདྲ་བྱས་པ་ནི་གློ་ཡུལ་ལས་འདས་པ་ཞིག་རེད ”ཅེས་བརྗོད་བྱུང་།

        ཀན་སུའུ་ཞིང་ཆེན་གྱི་ཅིང་ཅུས་ཟློས་གར་ཚོགས་པའི་ཚོགས་གཙོ་དབྱང་ཁྲེན་ཝུའེ་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པ་དང་སྒྱུ་རྩལ་རྣམ་པ་གསར་གཏོད་བྱེད་པའི་སྐོར་གླེང་སྐབས “གཞན་གྱི་མཐུན་རྐྱེན་ལ་བརྟེན་ནས་ཕྱིར་སྐྱོད་བྱེད ”ཅེས་པའི་དཔེ་དེ་གསོན་ཉམས་ལྡན་པའི་ངང་བཞག་བྱུང་། ཁོང་གིས “བྱིས་སྒྲུང་གི་ཅིང་ཅུས་དེའི་ནང་ཨན་ཐུའུ་ཧྲེང་གི་བྱིས་སྒྲུང་དེ་གྲུ་གཟིངས་ཤིག་ལྟར་ཡིན་པ་དང་ཀྲུང་གོའི་ཅིང་ཅུས་སྒྱུ་རྩལ་ནི་གྲུ་དེའི་ཐོག་གི་དངོས་ཟོག་ལྟ་བུ་ཡིན་པས་ང་ཚོས་གྲུ་དེར་བརྟེན་ནས་དངོས་ཟོག་དེ་དག་ཕྱིར་སྐྱེལ་རྒྱུ་ཡིན ”ཞེས་བརྗོད་བྱུང་།

        དེ་གོང་བྱིས་སྒྲུང་གི་ཅིང་ཅུས་དེ་ཏེན་མག་དང་། རི་པིན། ཨེ་ཁྭ་ཏོར། ཝེ་ནེ་ཙུའེ་ལ་བཅས་སུ་སྔ་རྗེས་སུ་འཁྲབ་སྟོན་བྱས་ནས་བསྔགས་བརྗོད་ཐོབ་པ་ཤེས་རྟོགས་བྱུང་།

        སྒྱུ་རྩལ་དུས་ཆེན་སྐབས་དེའི “ཀྲུང་གོའི་རིག་གནས་སྒྱུ་རྩལ་གྱི་དམིགས་བསལ་འཁྲབ་སྟོན ”གྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ཀན་སུའུ་ཞིང་ཆེན་ཅིང་ཅུས་ཟློས་གར་ཚོགས་པའི 《ངང་དཀར 》ཞེས་པ་ཕུད་ད་དུང་ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་དང་། པེ་ཅིང་གོང་མའི་ཕོ་བྲང་དམངས་ཁྲོད་རོལ་དབྱངས་ཚོགས་པ། པེ་ཅིང་ལི་ཏུང་གནམ་འོག་དེང་རབས་ཟློས་གར་ཚོགས་པ་བཅས་ཀྱིས་རང་སོ་སོའི་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་སྒྱུ་རྩལ་མཚོན་སྟངས་ལ་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་པ་དཔེར་ན། ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གིས་འཁྲབ་སྟོན་བྱས་པའི་བྱིས་པའི་ཟློས་གར་ཆེ་གྲས 《ལོ་འཁོར་བཅུ་གཉིས 》ཞེས་པ་དེས་ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་བྱ་གཙོ་བོ་སྟེ “རང་བྱུང་ཁམས་ཆེན་པོའི་ལག་རྟགས ”ཞེས་པ་དེར་དམ་པོར་དམིགས་ནས་ཨོ་སི་ཁྲུ་ལི་ཡའི་སྐད་གྲགས་ཡོད་པའི་འཁྲབ་ཁྲིད་པ་ཕེ་ཏེ ·ཝེའར་ཤུན་འཁྲབ་ཁྲིད་བྱེད་པར་གདན་ཞུ་བྱས་ཏེ་རྒྱལ་སྤྱིའི་སྒྱུ་རྩལ་ཐད་ཀྱི་མཚོན་སྟངས་སྣ་ཚོགས་མཉམ་བསྲེས་ཀྱིས་ལོ་འཁོར་བཅུ་གཉིས་ཇི་མ་ཇི་བཞིན་མངོན་པར་བྱས་ཏེ་མོ་ཞི་ཁོའི་ལྟད་མོ་བར་དཔེ་གསར་ཡིན་ལ་གོ་བདེ་བའི་རོལ་དབྱངས་ཀྱི་སྟོན་མོ་ཞིག་བཤམས་ཡོད་པ་གསར་འགོད་པར་དོ་སྣང་བྱུང་།

        གསར་འགོད་པས་བཅར་འདྲི་བྱས་པའི་ཟློས་གར་ཚོགས་ཆུང་གི་གསར་གཏོད་མི་སྣ་མང་པོ་ཞིག་གིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་གཏོད་རྒྱུའི་འཐབ་ཇུས་དམིགས་ཚད་དང་ཏག་ཏག་འཁེལ་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱེད་པ་དང་ཁོང་ཚོས་ཀྲུང་གོའི་རིག་གནས་ཐོན་ལས “ཕྱིར་བསྐྱོད་རྒྱུར ”སྔར་ལས་ལྷག་པའི་སྟེགས་བུ་དང་གོ་སྐབས་ཡོང་རྒྱུའི་རེ་སྒུག་བྱེད་པ་དང་འབྲེལ་རྒྱལ་ཁབ་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་གཞིར་བཟུང་བ་དང་གསར་གཏོད་དང་ལེགས་སྒྱུར་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྩེར་སོན་གྱི་རིག་རྩལ་བརྩམས་བྱ་བཏོད་དེ་ཀྲུང་གོའི་རིག་གནས་ཀྱི་ཚབ་དངོས་འབྲེལ་བྱེད་པའི་སྒྱུ་རྩལ་གྱི་ཉིང་བཅུད་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག

        (མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཀྭ་ན་ཧྭ་ཐུའོ་ནས་ཟླ་10ཚེས་27ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།