ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཟླ་ 10 ཚེས་28ཉིན་ཀྲུང་གོའི་སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཤིང་ཕུང་གིས་མེ་ཀུང་གཙང་པོའི་ཐོག་ཀྲུང་གོའི་གྲུ་པ་བསད་པའི་གྱོད་གཞི་སྤྱིར་ན་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་དགུ་འཛིན་བཟུང་བྱས་ཡོད་ཅེས་གསུངས་པ་རེད།
ཉིན་དེའི་ཕྱི་དྲོ་ཀྲང་ཤིང་ཕུང་གིས་ཐེ་ལན་གྱི་ཉེན་རྟོག་སྤྱི་ཁྱབ་ལྟ་སྐུལ་པ་ཕེའོ་ཕན་དང་ཐུག་འཕྲད་གནང་རྗེས “དེ་རིང་གྱོད་གཞིར་འཕེལ་རིམ་གལ་ཆེན་བྱུང་ནས་ཉེས་གསོག་དོགས་ཅན་དགུ་འཛིན་བཟུང་བྱས་པ་དེ་ཐོག་ནས་གྱོད་གཞི་དེ་སྤྱིར་ན་རྩད་ཆོད་ཡོད ”ཅེས་གསུངས་པ་དང་ཁོང་གིས་ཉེས་གསོག་དོགས་ཅན་སྐོར་གསུངས་མེད།