ཤིན་ཧྭ་གསར་འགྱུར་ཁང་པུའུ་ལུའུ་སེའར་ནས་གློག་འཕྲིན་འབྱོར་གསལ། ཟླ་ 10 ཚེས་28 ཉིན་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཆེ་ལ་སི་མུའུ་སེང་གིས་ཉིན་དེ་རང་དུ་བྱང་ཆིངས་རྩ་འཛུགས་ཀྱིས་ཟླ་10 ཚེས་ 31 ཉིན་ལི་པི་ཡར་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་གཏན་འབེབས་དངོས་སུ་བྱས་པ་རེད།
བྱང་ཆིངས་རྩ་འཛུགས་ཀྱི་ཇུས་ཐག་གཅོད་མཁན་ནུབ་ཆེན་རྒྱ་མཚོ་བྱང་མའི་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གཞུང་ཚབ་ཆེ་མོའི་རིམ་པའི་ཚོགས་འདུ་འཚོགས་ཏེ་གཏན་འབེབས་དེ་དངོས་སུ་བྱས་པ་རེད།
ཚེས་ 27 ཉིན་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཐོག་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས་ལི་པི་ཡའི་ས་གནས་དེའི་དུས་ཚོད་ཟླ་ 10 ཚེས་ 30 ཉིན་གྱི་ཆུ་ཚོད་ 23 དང་སྐར་མ་ 59 ཡི་ཐོག་ལི་པི་ཡའི་གནམ་གྲུ་འཕུར་མི་ཆོག་པའི་ཁུལ་མེད་པ་བཟོ་རྒྱུ་དང་སྦྲགས་ལི་པི་ཡར་བྱང་ཆིངས་རྩ་འཛུགས་ཀྱིས་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད།