ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་30ཉིན་ཐེ་ལན་ནང་སྲིད་པུའི་གེགས་འགོག་གེགས་སེལ་ཐིང་གིས་ཚེས་29ཉིན་བར་ཟླ་བ་གསུམ་རིང་རྒྱུན་མཐུད་བྱས་པའི་ཆུ་ལོག་གིས་ཐེ་ལན་རྒྱལ་ཡོངས་ནས་མི་381རྐྱེན་ལམ་དུ་ཤོར་བ་དང་མི་2གར་སོང་ཆ་མེད་དུ་གྱུར་པ་རེད་ཅེས་བརྡ་ཁྱབ་བཏང་བ་རེད།
བརྡ་ཁྱབ་ནང་ཆུ་ལོག་གི་གནོད་འཚེ་དེ་རྒྱལ་ཡོངས་ཀྱི་ཧྥུའུ་26གི་རྫོང་ཁུལ་144ལ་ཁྱབ་པ་དང་ཤུགས་རྐྱེན་ཐེབས་པའི་མི་གྲངས་ཁྲི་203ལོན་ཡོད། རྒྱལ་ས་པང་ཁོག་གི་ཤར་རྒྱུད་ས་ཁུལ་དུ་སྡེ་ཁུལ་27ནང་ཆུ་ལོག་ཁྱབ་ཡོད་པ་རེད་ཅེས་བཤད་པ་རེད།