དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱ་གར་བྱང་ཤར་རྒྱུད་དུ་ཟམ་པ་ཞིག་ལོག་ནས་མི་30ཤི་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་རྡི་ལི་གསར་པ་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ་། ཚེས་30ཉིན་རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་རྒྱ་གར་བྱང་ཤར་རྒྱུད་ཀྱི་ཨ་ལུའུ་ན་ཆར་མངའ་སྡེར་ཚེས་29ཉིན་ཟམ་པ་ཞིག་ལོག་ནས་ཉུང་མཐར་ཡང་མི་30ཆུ་ནང་དུ་ལྷུངས་ནས་ཤི་བའི་ནང་བྱིས་པ་མི་ཉུང་བ་ཡོད་ཚུལ་ར་སྤྲོད་བྱས་ཡོད།

        མི་འགྲུལ་ཁོ་ནར་སྤྱོད་པའི་ཟམ་པ་དེ་ཨ་ལུའུ་ན་ཆར་མངའ་སྡེའི་ཏུང་ག་མོན་ཁུལ་གྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གནས་པ་དང་ག་མོན་ཆུ་བོ་འཕྲེད་བཅད་བྱས་པའི་ཁར་ཆུ་ཤུགས་ཀྱང་ཆེན་པོ་ཡོད་པ་རེད། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་ཐོན་ཁའི་སྐབས་མི་མི་ཉུང་བ་ཞིག་ཟམ་པའི་ཐོག་ལངས་ནས་འབུ་འཛིན་བཞིན་ཡོད་པ་དང་ཟམ་པ་ལོག་རྐྱེན་དེ་ཕལ་ཆེར་མིའི་ཐེག་ཚད་གློ་བུར་དུ་ཆེ་རུ་སོང་བས་ཡིན་པ་དང་། གནས་ཚུལ་ཐོན་རྗེས་ཁོང་ཚོས་ཆུ་ནང་ནས་མི་20ལྷག་བསྐྱབས་པ་ཡིན་ཞེས་བཤད་ཡོད།

        ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་མི་30ཆུ་སུབ་ཐེབས་ནས་ཤི་བའི་ནང་མང་ཆེ་བ་བྱིས་པ་ཡིན་པ་རེད། དེ་དུས་ཆུ་ཤུགས་ཆེ་སྟབས་འཚོལ་སྐྱོབ་བྱ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅེས་བཤད།

        ས་གནས་དེ་གའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། གཟའ་འཁོར་འདིའི་གོང་རྒྱ་གར་གྱི་བྷ་ག་ལ་ནུབ་མའི་མངའ་སྡེར་ཤིང་ཟམ་ཞིག་ལོག་ནས་མི་31རྐྱེན་ལམ་དུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།