དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡོ་རོབ་མནའ་འབྲེལ་གྱིས་རིམ་དཔྱད་སྒྲིག་གཞིར་བཀག་རྒྱའི་ཁུལ་བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཀོན་ཁེ་ཅང་དང་། ཀྲེང་ཧུང་། སུན་ཐེན་རེན་བཅས་ཀྱིས།   |     སྤེལ་དུས།  2015-05-15

        རྒྱལ་སྤྱིའི་རིམ་དཔྱད་སྒྲིག་གཞིས་ཡོ་རོབ་ཀྱི་དངུལ་ལོར་སྤྱོད་ཁུལ་རྒྱལ་ཁབ་ཀྱི་ཡིད་རྟོན་རིམ་པ་གཅིག་རྗེས་གཉིས་མཐུད་ངང་གཅོག་པའི་སྣང་ཚུལ་གྱི་མདུན་དུ་ཡོ་རོབ་མནའ་འབྲེལ་གྱིས་དེར་རྒོལ་ལན་སློག་རྩིས་བྱེད་ཅིང་། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ནང་ཁུལ་གྱི་ཁྲོམ་ར་དང་ཞབས་ཞུའི་བྱ་བར་འགན་འཁུར་མཁན་ཨུ་ཡོན་པ་ཉི་ཡེས་ཡོ་རོབ་མནའ་འབྲེལ་གྱིས་བྱེད་ཐབས་བཏོན་ཏེ་རྒྱལ་སྤྱིའི་རིམ་དཔྱད་སྒྲིག་གཞིས་རོགས་སྐྱོབ་དང་ལེན་བྱེད་མཁན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ལ་བདག་དབང་གི་རིམ་དཔྱད་སྙན་ཞུ་སྤེལ་རྒྱུ་བཀག་འགོག་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

        དབྱིན་ཇིའི 《དངུལ་རྩའི་སྐབས་དོན་ཚགས་པར 》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་ཡོ་རོབ་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞིར་དམིགས་བསལ་གྱི་གནས་ཚུལ་འོག་རིམ་དཔྱད་སྒྲིག་གཞིས་བདག་དབང་རིམ་དཔྱད་ཀྱི་སྙན་ཞུ་སྤེལ་རྒྱུ་བཀག་འགོག་བྱེད་པའི་དབང་ཆ་སྤྲོད་རྒྱུ་ཡིན་པ་དང་། “བདག་དབང་རིམ་དཔྱད་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བདག་དབང་ཡིད་རྟོན་ཡང་མི་དག་པའི་སྒོ་ནས་ཤན་འབྱེད་བྱེད་སྲིད་པའམ་ཡང་ན་རིམ་དཔྱད་སྙན་ཞུའི་ལྡོག་ཕྱོགས་ཤུགས་རྐྱེན་རྒྱལ་ཁབ་གཞན་ལ་ཐེབས་སྲིད་པའི་དབང་གིས་ཡོ་རོབ་ཀྱི་དངུལ་འཛིན་དང་ཁྲོམ་ར་དོ་དམ་ཅུས་ལ་རྒྱུན་གཏན་མིན་པའི་གནས་ཚུལ་དང་དམིགས་བསལ་གྱི་ཚོད་འཛིན་བྱས་པའི་གནས་ཚུལ་འོག་གནས་སྐབས་རིམ་དཔྱད་སྒྲིག་གཞིས་རྒྱལ་ཁབ་དེ་དག་ལ་བདག་དབང་རིམ་དཔྱད་ཀྱི་སྙན་ཞུ་སྤེལ་རྒྱུ་ཚོད་འཛིན་བྱེད་པའི་དབང་ཆ་ཡོད ”ཅེས་བཀོད་ཡོད་པ་རེད།

        ཡོ་རོབ་དང་ཨ་རིའི་སྨྱན་སྦྱོར་ཚན་པས་དེ་ནི་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ད་བར་རིམ་དཔྱད་ལས་རིགས་ལ་བཏོན་པའི་ཕོག་ཐུག་རང་བཞིན་ཆེ་བའི་ཚོད་འཛིན་གྱི་བྱེད་ཐབས་ཤིག་ཡིན་པའི་ངོས་འཛིན་བྱས་ཤིང་། དེའི་ཐད་རྒྱལ་སྤྱིའི་རིམ་དཔྱད་སྒྲིག་གཞི་ཆེ་ཁག་གསུམ་གྱིས་བྱེད་ཐབས་དེ་ལས་བྱུང་བའི་ཁྲོམ་རའི་གཏོར་བཤིག་གི་ནུས་པ་དེ་རིམ་པ་བཅག་པ་ལས་བྱུང་བའི་གཏོར་བཤིག་གི་ནུས་པ་གང་ཞིག་ལས་ཀྱང་ཆེ་བ་ཡོད་ཅེས་ལན་བཏབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།