མི་ལ་ཉེན་ཁ་མི་འཕྲད་པ་དང་གེགས་སྐྱོབ་མི་སྣའི་ཁུར་པོ་ཡང་དུ་གཏོང་ཕྱིར་ཟླ་ 10ཚེས་27ཉིན་ཐེ་ལན་གྱི་ཙུང་ལི་དབྱིང་ལ་ཡིས་པང་ཁོག་གི་གྲོང་མིས་པང་ཁོག་གྲོང་ཁྱེར་ནས་ཁ་བྲལ་གང་ཐུབ་བྱ་རྒྱུའི་རེ་བ་བཏོན་པ་རེད། ཚེས་27ཉིན་ཐེ་ལན་གྱི་ནང་སྲིད་པུའི་གེགས་འགོག་གེགས་སེལ་ཐིང་ནས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་གསར་ཤོས་ཀྱི་ཐོག་བསྟུད་མར་ཟླ་བ་གསུམ་གྱི་ཆུ་ལོག་ནང་ད་བར་མི་373རྐྱེན་ལམ་དུ་ཤོར་བ་དང་མི་2གར་སོང་ཆ་མེད་དུ་སོང་བ་བཏོན་ཞིང་། འདི་ནི་ཟླ་10ཚེས་28ཉིན་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་དམག་མི་རྣམས་ཀྱིས་ཆུ་ལོག་གི་ཤུགས་རྐྱེན་ཐེབས་པའི་གྲོང་མི་རྣམས་ལ་ཕྱིར་འཐེན་བྱེད་རོགས་བྱེད་པའི་གནས་ཚུལ་ཡིན་པ།