དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སྔོ་ལྗང་ཅན་གྱི་ཧན་པའོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆན་ཅང་གིས།   |     སྤེལ་དུས།  2015-05-15

        ཟླ་བ་དགུ་པར་ང་ཚོ་འཇར་མན་གྱི་ཧན་པའོ་རུ་འབྱོར་བ་དང་གྲོང་ཁྱེར་འདིར་ང་ཚོ་ངོ་མས་ཧན་པའོ་ཡི་ད་ཆའི “སྔོ་ལྗང་ཅན ”གྱི་ཚད་གཞི་དངོས་སུ་མཐོང་བྱུང་།

        མི་གྲངས་ཁྲི་180ཡོད་པའི་ཧན་པའོ་ནི་ནགས་ཚལ་དང་ཆུ་ཕྲན་གྱིས་བསྐོར་བའི་གྲོང་ཁྱེར་ཞིག་ཡིན་པ་དང་ས་ཆའི་40%ནགས་ཚལ་དང་། སྤང་ལྗོངས། འབྲོག་ར། ཞིང་ཁ་བཅས་ཡིན་པ་དང་ད་དུང་8%ནི་ཆུ་ཁོངས་ཡིན་པ་རེད།

        རྒྱང་ལྟ་བྱེད་སྐབས་ཧན་པའོ་གྲོང་ཁྱེར་ལྟེ་བའི་མཐོ་ཤོས་ནི་དུས་རབས་ཁ་ཤས་གོང་བསྐྲུན་པའི་ཆོས་ཁང་གི་རྩེ་མོ་རེད་འདུག ཧན་པའོ་རུ་ཆར་པ་མང་བ་དང་། ཆུ་ཕྲན་གྱིས་ཁེངས་པ། ཟམ་པ་2500ཡོད་པ་བཅས་ནི་མིང་དོན་མཚུངས་པའི “ཟམ་པའི་ཕ་ཡུལ ”ཞིག་ཡིན། ཧན་པའོ་རུ་གཟའ་འཁོར་གཅིག་རིང་ཉིན་ལྟར་ཆར་པ་འབབ་སོང་། ཡང་ནས་ཡང་དུ་བབས་པའི་ཆར་པས་མཁའ་རླུང་གཙང་མ་བཟོས་ཀྱང་ཧན་པའོ་བ་ད་དུང་འདོད་བློ་མ་ཁེངས་པར་མཁའ་རླུང་དང་ཁོར་ཡུག་གཙང་མ་བཟོས་པར་བརྟེན་གྲོང་ཁྱེར་འདིར་མི་འཚོ་སྡོད་བྱ་རྒྱུར་འཚམ་ཚད་ཡོ་རོབ་ཀྱི་མདུན་གྲལ་དུ་སླེབས་པ་དང་འབྲེལ་ད་ལོ “ཡོ་རོབ་ཀྱི་སྔོ་ལྗང་གྲོང་ཁྱེར ”གྱི་མཚན་སྙན་ཐོབ་པ་རེད།

        འཇར་མན་བ་རྐང་འཁོར་བཞོན་རྒྱུར་དགའ་པོ་ཡོད་པ་དང་ཨའར་སི་ཐེ་མཚེའུའི་འགྲམ་དུ་ཆེད་སྤྱོད་རྐང་འཁོར་ལམ་ཡོད་པ་དེར་རྐང་འཁོར་བཞོན་མཁན་མང་པོ་ཡོད་པ་རེད། འགུལ་སྐྱོད་བྱེད་པ་ཕུད་མི་མི་ཉུང་བ་ཞིག་གིས་རྐང་འཁོར་གྱིས་གོམ་པའི་ཚབ་བྱེད་ཀྱི་ཡོད། ཧན་པའོ་གྲོང་ཁྱེར་སྲིད་གཞུང་གིས་གྲོང་མི་དང་ཡུལ་སྐོར་བར་རྐང་འཁོར་སྤྱོད་རྒྱུའི་སྐུལ་མ་བཏང་ཞིང་། ད་བར་རྐང་འཁོར་ལམ་སྤྱི་ལེ་1800བསྐྲུན་ཡོད་པ་རེད། 2009ལོའི་ཟླ་བ་བདུན་པར་གྲོང་ཁྱེར་དེ་ཡོངས་སུ་རྐང་འཁོར་བོགས་གཏོང་ས་ཚིགས་67བསྐྲུན་ཡོད་པ་དང་བོགས་གཏོང་རྐང་འཁོར་དམར་པོ་དེ་ཧན་པའོ་ཡི་མཛེས་ལྗོངས་ཤིག་ཏུ་གྱུར་ཞིང་། རྐང་འཁོར་བོགས་མ་བླངས་རྗེས་སྐར་མ་30རིང་རིན་པ་སྤྲོད་མི་དགོས་པ་དང་སྐར་མ་རེ་བརྒལ་ཚེ་ཡོ་རོབ་ཀྱི་སྒོར་མོ་4བསྡུ་བ་དང་ཉིན་གཅིག་ལ་མཐོ་ཤོས་སུ་ཡོ་རོབ་ཀྱི་སྒོར་མོ་12བསྡུ་གི་ཡོད་པ་རེད།

        མེ་འཁོར་ནང་བསྡད་དེ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་འཇར་མན་གྱི་ས་ཁོངས་ཧྲིལ་པ་བརྒྱུད་ཚེ་ལམ་བར་དུ་རླུང་ནུས་གློག་འདོན་འདབ་ལེབ་བརྒྱ་སྟོང་མང་པོ་འཁོར་བ་མཐོང་ཐུབ། ད་ཆ་ཧན་པའོ་རུ་གློག་གི་12%ཡན་ནི་ནུས་ཁུངས་གསར་པ་ལས་བྱུང་བ་ཞིག་ཡིན་པ་མ་ཟད། བསྡུར་ཚད་ཀྱང་གང་མགྱོགས་མང་དུ་འགྲོ་གི་ཡོད་པ་རེད། ང་ཚོས་ཧན་པའོ་ལ་འཚམས་འདྲི་བྱེད་སྐབས་གཞི་ཁྱོན་ཆེ་བའི་འཛམ་གླིང་ཉི་འོད་ནུས་པའི་སྒྲིག་ཆས་འགྲེམས་སྟོན་དེ་གར་བྱེད་བཞིན་འདུག་པ་དེའི་ནང་ཀྲུང་གོའི་ཉི་འོད་ནུས་པའི་བཟོ་གྲྭ་དང་ཚོང་ཁང་མང་པོ་ཞིག་ཀྱང་འགྲེམས་སྟོན་ནང་ཞུགས་འདུག ཁོང་ཚོས་མིག་སྔར་ཀྲུང་གོའི་ཉི་འོད་ནུས་པའི་གློག་འདོན་སྒྲིག་ཆས་ཀྱི་ཡོ་རོབ་ཀྱི་ཁྲོམ་ར་ཆེ་ཤོས་ནི་འཇར་མན་རེད། མིག་སྔར་ཡོ་རོབ་ཀྱི་དཔལ་འབྱོར་འཕེལ་ཚུལ་དེ་ཙམ་ཡག་པོ་མེད་ཀྱང་འཇར་མན་གྱི་ཁྲོམ་ར་བརྟན་པོ་གནས་ཐུབ་ཚེ་ཐོན་ཟོག་ཚོང་ཡུལ་ཡོད་ཅེས་ང་ལ་བཤད་བྱུང་།

        ཧན་པའོ་ཡི་སྲང་ལམ་ཁུལ་དུ་བསྐྱོད་དེ་བརྗིད་ཆགས་ཡིད་འོང་གི་དབྱི་པེ་ཧོ་རོལ་དབྱངས་ཁང་གི་ཐོག་ཁར་འཛེགས་ནས་རྒྱང་ལྟ་བྱས་ཚེ་ཁང་པའི་ཐོག་ཁ་ཚང་མར་འོད་ཆེམ་ཆེམ་དུ་འཕྲོ་བའི་ཉི་འོད་ནུས་པའི་སྒྲིག་ཆས་ལེབ་མོ་ཞིག་བསྒར་འདུག

        1990ལོ་དང་བསྡུར་ཚེ་2010ལོར་ཧན་པའོ་ཡི་མི་རེའི་ཆ་སྙོམས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་15%ཡན་ཆག་ཡོད་པས་ལོ་ལྟར་ནུས་རྒྱུ་ཝ་ཐི་ཆུ་ཚོད་ས་ཡ་ཁྲི་4.6གྲོན་ཆུང་བྱེད་ཐུབ་ཀྱི་ཡོད་པ་རེད། ཡུན་རིང་མ་སོང་གོང་ཡོངས་བསྒྲགས་བྱས་པའི 《ཧན་པའོ་ཡི་གནམ་གཤིས་སྲུང་སྐྱོང་ཁྲིམས་གཞིའི 》ནང་དམིགས་བསལ་མ་གནས་ཀྱི་ཡོང་འབབ་སྟོན་གྲངས་གཅིག་ཚུད་ཡོད་པ་དེའི་ནང་སྤྱི་པའི་སྐྲུན་དངོས་ཡིན་ཕྱིན་ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་ཡོ་བྱད་དང་། ཁྲོ་ཐབ། མཁའ་རླུང་སྙོམས་སྒྲིག་ཡོ་བྱད་བཅས་སྤྱོད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད། ཧན་པའོ་ཡིས་སྤྱི་པའི་སྐྲུན་དངོས་སྟར་པ་400ཡི་ནང་ནས་ནུས་རྒྱུ་གྲོན་ཆུང་མི་ཐུབ་པའི་གློག་སྒྲོན་ཁྲི་20བརྗེས་པ་དེ་ཁོ་ན་ནས་ལོ་ལྟར་ནུས་རྒྱུའི་འགྲོ་སོང་ཡོ་རོབ་ཀྱི་སྒོར་མོ་ཁྲི་340གྲོན་ཆུང་བྱེད་ཐུབ་ཀྱི་ཡོད་པ་རེད།

        ཧན་པའོ་ཡིས་2020ལོའི་གོང་གྲོང་ཁྱེར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་40%ཉུང་དུ་གཏོང་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད།

        2010ལོ་ནས་བཟུང་ཡོ་རོབ་མནའ་འབྲེལ་གྱིས་ལོ་ལྟར་མི་གྲངས་ཁྲི་20ཡན་གྱི་གྲོང་ཁྱེར་ཞིག “ཡོ་རོབ་ཀྱི་སྔོ་ལྗང་རྒྱལ་སར ”འདེམས་ཀྱི་ཡོད་ཅིང་། ན་ནིང་ཟླ་བ་བཅུ་པར་དཔྱད་འདེམས་སྐབས་གཉིས་པ་བྱེད་སྐབས་ཧན་པའོ་དེ་ཉིད་འགྲན་རྩོད་བྱེད་མཁན་34ནང་ནས་འབུར་དུ་ཐོན་ཏེ་2011ལོའི “ཡོ་རོབ་ཀྱི་སྔོ་ལྗང་རྒྱལ་སར ”གྱུར་པ་རེད། སྟོན་གྲངས་11ནང་ནས་ཧན་པའོ་ཨང་དང་པོར་སླེབས་པ་ཉུང་ཉུང་ཡིན་ཡང་རྣམ་གྲངས་ཁག་ཚང་མར་སྐར་མ་མཐོ་པོ་ཐོབ་པ་དེ་ཐོག་ནས་ཕྱོགས་བསྡུས་ཀྱི་བྱེད་ཐབས་ནུས་པ་ལྡན་པ་མཚོན་ཐུབ་ཀྱི་ཡོད་པ་རེད། དཔེར་ན། ཧན་པའོ་གྲོང་ཁུལ་གྱི་སྨི་300ནང་ཚུན་དུ་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སམ་ཡང་ན་ས་འོག་ལྕགས་ལམ་བབས་ཚུགས་ཡོད་པ་བྱས་ནས་ཡུལ་མི་རྣམས་ཕྱིར་སྐྱོད་སྐབས་སྟབས་བདེ་ཡོང་བ་བྱེད་པ་ལྟ་བུ་རེད། དེ་གའི་གད་སྙིགས་གཙང་སེལ་མ་ལག་ཀྱང་ཧ་ཅང་སྔོན་ཐོན་ཡིན་པ་དང་ཞིབ་ཕྲའི་གད་སྙིགས་རིགས་དབྱེ་དང་ཟོག་རོ་བསྡུ་ཐུབ་པ་བྱེད་ཅིང་། ཡུལ་མིའི་ཁུལ་དང་སྤྲོ་འཆམ་ཁུལ་དུ་སྒམ་ཆུང་དམར་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་ནི་སྲོལ་རྒྱུན་གྱི་སྦྲག་སྒམ་དང་འདྲ་པོ་ཡོད་པ་དེ་ནི་དོན་དངོས་ཐོག་ཟོག་རོ་བསྡུ་ས་ཡིན་ཡང་། དེར་བཞག་པའི་དངོས་པོ་དེ་རྟག་ཏུ་ཐད་ཀར་བེད་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

        ཧན་པའོ་ཡི་གྲོང་ཁྱེར་འཛུགས་སྐྲུན་གྱི་འདུ་ཤེས་ལ་དཔྱད་གཞི་བྱེད་ས་ཧ་ཅང་མང་པོ་ཡོད་པས་ང་ཚོའི་འཚམས་འདྲི་འདིས “གཞན་གྱི་ཉམས་མྱོང་བཟང་པོ ”ཞིག་ལེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།