ཀན་སུའུ་ཞིང་ཆེན་པེ་ཅིང་ཁྲང་ཞི་ཟློས་གར་ཁང་གིས་ཨན་ཐུའུ་ཧྲེང་གི་བྱིས་སྒྲུང་ནས་བསྐྱར་སྒྲིག་བྱས་པའི་པེ་ཅིང་ཁྲང་ཞི 《བདག་ཏུ་མ་བཟུང་བའི་ངང་པ 》ཞེས་པ་དེ་མོ་ཞི་ཁོའི་སའེ་དབན་ཐེ་སི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ཐོག་འཁྲབ་སྟོན་བྱས་པ་རེད། ཉེ་ཆར་ཀན་སུའུ་ཞིང་ཆེན་པེ་ཅིང་ཁྲང་ཞི་ཟློས་གར་ཁང་གིས་ཨན་ཐུའུ་ཧྲེང་གི་བྱིས་སྒྲུང་ནས་བསྐྱར་སྒྲིག་བྱས་པའི་པེ་ཅིང་ཁྲང་ཞི 《བདག་ཏུ་མ་བཟུང་བའི་ངང་པ 》ཟེར་བ་དེ་མོ་ཞི་ཁོའི་ཀྭ་ན་ཧྭ་ཐུའོ་གྲོང་ཁྱེར་དུ་གཉེར་བའི་སའེ་དབན་ཐེ་སི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་39ཡི་ཐོག་འཁྲབ་སྟོན་བྱས་ཤིང་། འདི་ལོའི་སྒྱུ་རྩལ་དུས་ཆེན་དེ་ཚེས་12ཉིན་ཚོགས་ར་གཙོ་བོ་ཡིན་པའི་ཧྭ་ལུའེ་སི་ཟློས་གར་ཁང་དུ་འགོ་ཚུགས་པ་དང་ཟླ་བ་དེའི་ཚེས་30ཉིན་བར་འཁྲབ་སྟོན་བྱ་རྒྱུ་ཡིན་པ།