དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡོ་རོབ་སྒོར་མོའི་ཁུལ་གྱི་འགོ་ཁྲིད་མི་སྣས་བུ་ལོན་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་ཐད་གྲོས་མཐུན་རབ་དང་རིམ་པ་བཞག་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པུ་རུ་སེར་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཡོ་རོབ་སྒོར་མོའི་ཁུལ་གྱི་འགོ་གཙོས་ཆུ་ཚོད་བརྒྱད་ཙམ་གྱི་དུས་ཡུན་རིང་པོའི་གྲོས་མོལ་བྱས་པ་བརྒྱུད་མཐར་ཚེས་27ཉིན་གྱི་ཐོ་རེངས་སུ་བུ་ལོན་གྱི་ཉེན་ཁ་ཐག་གཅོད་བྱེད་པའི་གྲོས་མཐུན་རབ་དང་རིམ་པ་བཞག་པ་རེད།

        ཡོ་རོབ་སྒོར་མོའི་ཁུལ་གྱི་འགོ་ཁྲིད་མི་སྣས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བའི་གྲོས་མཐུན་གཞིར་བཟུང་། ད་ཡོད་ཀྱི་རོགས་སྐྱོབ་ལམ་སྲོལ་ཏེ་ཡོ་རོབ་དངུལ་རྩའི་བརྟན་ལྷིང་ལག་ཆའི (EFSF)“མེ་ཤུགས ”རྒྱ་ཆེར་འགྲོ་རྒྱུ་ཡིན་ཞིང་། ཧྥ་རན་སེའི་ཙུང་ཐུང་ས་ཁེ་ཆིས་ལག་ཆ་དེའི་གཞི་ཁྱོན་ཡོ་རོབ་སྒོར་མོ་ཁྲི་དུང་ཕྱུར་གཅིག (ཨ་སྒོར་ཁྲི་དུང་ཕྱུར་1.39)བར་རྒྱ་ཆེར་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། ལག་ཆ་དེའི་གཞི་ཁྱོན་གང་འདྲ་བྱས་ཏེ་རྒྱ་ཆེར་གཏོང་བའི་ཐད་མིག་སྔར་ཇུས་གཞི་གཉིས་ཡོད་པ་དང་བཀོལ་སྤྱོད་གང་འདྲ་བྱེད་མིན་དེ་ད་དུང་ཉིན་ཤས་རྗེས་འཚོག་རྒྱུའི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་སྒོར་མོའི་ཁུལ་གྱི་ནོར་སྲིད་དཔོན་གྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

        དངུལ་ཁང་ལས་རིགས་བརྟན་པོ་ཡོང་ཆེད་ཡོ་རོབ་སྒོར་མོའི་ཁུལ་གྱི་འགོ་ཁྲིད་མི་སྣས་2012ལོའི་ཟླ་བ་དྲུག་པའི་ཟླ་མཇུག་གོང་དུ་ཡོ་རོབ་ཀྱི་དངུལ་ཁང་གཙོ་བོའི་སྲོག་ཤིང་མ་དངུལ་འདང་ཚད་དེ་9%བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཤིང་། དེ་གོང་དབྱེ་ཞིབ་བྱས་པ་ལས་མ་དངུལ་དེའི་ཚད་གཞི་སྐོང་ཆེད་ཡོ་རོབ་དངུལ་ཁང་ལས་རིགས་ལ་མ་དངུལ་ཡོ་རོབ་སྒོར་མོ་དུང་ཕྱུར་1000(ཨ་སྒོར་དུང་ཕྱུར་1390)མཁོ་ལུགས་བཏོན་ཡོད།

        ཡོ་རོབ་སྒོར་མོའི་ཁུལ་གྱི་འགོ་ཁྲིད་མི་སྣ་དང་དངུལ་ཁང་ལས་རིགས་ཀྱི་འཐུས་མིའི་དབར་དཀའ་ཚེགས་ཆེ་བའི་གྲོས་མོལ་བྱས་པ་བརྒྱུད་དངུལ་ཁང་ལས་རིགས་ཀྱིས་དེ་ཉིན་ཀེ་རི་སེའི་རྒྱལ་བུན་ཐད་50%གཅོག་རྒྱུའི་མོས་མཐུན་བྱས་པ་དེ་ཐོག་ནས་དངུལ་ཁང་སོགས་སྒེར་གྱི་མ་འཇོག་མཁན་གྱིས་ཀེ་རི་སེའི་བུ་ལོན་གྱི་ཁུར་པོ་ཡང་དུ་གཏོང་ཆེད་ཡོ་རོབ་སྒོར་མོ་དུང་ཕྱུར་1000(ཨ་སྒོར་དུང་ཕྱུར་1390)ཕུལ་བ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།