དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཧྥི་ལི་ཕིན་གྱི་ཁྱིམ་ཚང་1/5ལས་བརྒལ་བའི་འཚོ་བ་དབུལ་པོ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མ་ནི་ལ་ནས་ཆེད་དོན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཧྥི་ལི་ཕིན་གྱི་དམངས་འདོད་བརྟག་དཔྱད་སྒྲིག་གཞི་ཆེན་པོ་གཉིས་ཀྱི་གྲས་ཤིག་ཡིན་པའི “སྤྱི་ཚོགས་གནམ་གཤིས་ས་ཚིགས ”ཀྱིས་ཚེས་27ཉིན་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་འབྲས་བུ་གསར་ཤོས་ལས་ཧྥི་ལི་ཕིན་གྱི་ཁྱིམ་ཚང་ཁྲི་430ཙམ་འདས་ཟིན་པའི་ཟླ་བ་གསུམ་ནང་དཀྲེས་ལྟོགས་ཀྱིས་མནར་མྱོང་བས་ཚོགས་སྤྱི་དེ་ནི་ཧྥི་ལི་ཕིན་གྱི་ཁྱིམ་ཚང་བསྡོམས་འབོར་གྱི་1/5ཡིན་པ་མཚོན་ཡོད།

        འདི་ནི་འདི་ལོའི་ཟླ་9ཚེས་4ཉིན་ནས་ཚེས་7ཉིན་བར་མི་1200ལ་འཐེན་བཤེར་བྱས་པའི་འབྲས་བུ་ཡིན་པ་དང་དཀྲེས་ལྟོགས་ཀྱིས་མནར་བའི་ཁྱིམ་ཚང་གི་བསྡུར་ཚད་གསར་ཤོས་དེ་འདས་ཟིན་པའི་ལོ་13གྱི་ཆ་སྙོམས་གྲངས་ཚད་14%ལས་བརྒྱ་ཆའི་གྲངས་7.5ཡིས་མཐོ་བ་ཡོད་མོད། འོན་ཀྱང་2009ལོའི་24%ཡི་གཞི་གྲངས་ལས་དམའ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།