དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་གྱི་མི་འབོར་ལྡོག་འཕར་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ་10ཚེས་27ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། རི་པིན་གྱི་སྤྱི་དོན་ཞིང་ཆེན་གྱིས་ཚེས་26ཉིན་ཁྱབ་བསྒྲགས་བྱས་པའི་2010ལོའི་རྒྱལ་ཁབ་གནས་ཚུལ་བརྟག་ཞིབ་བྱས་འབྲས་ཐོག་ནས་མངོན་པར་གཞིགས་ན། 2010ལོའི་ཟླ་10ཚེས་1ཉིན་བར་རི་པིན་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི་12805.7352ཡིན་པ་དེ་2005ལོར་བརྟག་དཔྱད་བྱེད་སྐབས་དང་བསྡུར་ན་0.2﹪འཕར་ཡོད་ཀྱང་འཕར་ཚད་ནི་1920ལོར་བརྟག་དཔྱད་བྱས་ཚུན་གྱི་བསྡུར་གཞི་དམའ་ཤོས་ཡིན་པ་རེད།

        སྤྱིའི་མི་འབོར་ཁྲོད་གལ་སྲིད་ཕྱི་རྒྱལ་བ་ཕྲིས་ཚེ་རི་པིན་གྱི་མི་འབོར་མི་ཁྲི་37.1ཉུང་དུ་ཕྱིན་པ་དང་ཉུང་དུ་འགྲོ་ཚད་0.3﹪ཡིན་པ་དེ་ནི་1970ལོར་ཕྱི་རྒྱལ་བ་དང་རི་པིན་བ་སོ་སོར་བསྡོམས་རྩིས་བྱས་ཚུན་རི་པིན་གྱི་མི་འབོར་ལྡོག་འཕར་ཐོག་མར་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།