ཉེ་ཆར་ཕིང་ལང་རྫོང་གི་ཐོན་མཐོའི་འདེབས་གསོ་དཔེ་སྟོན་ས་ཚིགས་ཁག་དང་པོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་རྒྱུད་འདྲེས་ཆུ་འབྲས་ལག་རྩལ་མཉམ་ལས་རྣམ་གྲངས་ལ་ཡུལ་དངོས་ཐོན་བཤེར་བྱས་པ་དང་སྤྱི་ཆིང་གཅིག་རེར་སྔོན་དཔག་བྱས་ན་ཏུན་14བརྒལ་བ་རེད། འཛམ་གླིང་གི་མི་འབོར་ཨང་བཞི་པ་ཟིན་པའི་རྒྱལ་ཁབ་ཆེན་པོ་ཧིན་རྡུ་ཉི་ཞི་ཡར་ལོའི་ཆ་སྙོམས་འཛད་སྤྱོད་བྱེད་པའི་འབྲས་ཏུན་ཁྲི་3000ལྷག་ཟིན་པ་དང་རྒྱལ་ཁབ་དེའི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་1300བརྒལ་ནའང་ཕལ་ཆེར་གྱིས་སྲོལ་རྒྱུན་གྱི་རྒྱུན་སྲོལ་སྣ་ཁ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་སྤྱི་ཆིང་རེའི་ཆ་སྙོམས་ཐོན་ཚད་ཏུན་5ཙམ་ཡིན་པ་དང་ལོ་ལྟར་འབྲས་ཏུན་ས་ཡ་ཙམ་ནང་འདྲེན་བྱེད་དགོས་ཀྱི་ཡོད།
ཧིན་རྡུ་ཉི་ཞི་ཡའི་སུའུ་ལ་ཝེ་ཞི་ཞིང་ཆེན་ལྷོ་མའི་ཕིང་ལང་རྫོང་དུ་ཚོད་འདེབས་དུད་ཚང་གིས་ཡུལ་དངོས་སུ་འབྲས་སོས་པ་བཙོས་ཏེ་ལྟ་མྱོང་བར་བྲོ་བ་མྱང་དུ་བཅུག་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བརྒྱབ་པ།