ཟླ་10ཚེས་27ཉིན་ནི་པང་ཁོག་ཚུད་པའི་གནོད་འཚེ་ཕོག་པའི་ཞིང་ཆེན་21ལ “ཆུ་སྐྱོན་གྱི་དམིགས་བསལ་གུང་གསེང ”བཞག་པའི་ཉིན་དང་པོ་ཡིན་པ་དང་། པང་ཁོག་གི་ཡུལ་མི་ཁག་གཅིག་དང་པང་ཁོག་ཏུ་ལས་ཀ་བྱེད་མཁན་དམངས་བྱིངས་ཀྱིས་པང་ཁོག་ནས་གྱེས་ཏེ་ཉེན་གཡོལ་བྱས་པ་རེད། པང་ཁོག་གི་བྱང་འདབས་སུ་གནས་པའི་མོ་ཅི་རྒྱང་རིང་འགྲུལ་སྐྱེལ་བབས་ཚུགས་སུ་འགྲུལ་པ་སྟོང་ཕྲག་ལྷག་གིས་རླངས་འཁོར་ལ་བསྡད་ནས་ཆུ་ལོག་གནོད་འཚེའི་ཤུགས་རྐྱེན་མ་ཐེབས་པའི་ས་ཁུལ་དུ་ཐོན་གྲབས་ཡོད་པ་རེད།
ཚེས་25ཉིན་གྱི་དགོང་མོར་ཐེ་ལན་གྱི་ཙུང་ཐུང་དབྱིང་ལས་བཪྙན་འཕྲིན་གཏམ་བཤད་སྤེལ་ཏེ་རྒྱལ་ས་པང་ཁོག་གྲོང་ཁྱེར་གྱི་འབྲུབ་འགོག་གྱང་གིས་ཆུ་ལོག་དྲག་པོ་ཧ་ལམ་འགོག་མི་ཐུབ་པས་པང་ཁོག་གྲོང་ཁུལ་དང་ལྷག་དོན་དུ་མེ་ནན་གཙང་པོའི་འགྲམ་རྒྱུད་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐོན་སྲིད་ཅེས་བཤད་པ་རེད། ཚེས་25ཉིན་ཐེ་ལན་སྲིད་གཞུང་གིས་ཐོན་གྲབས་ཡོད་པའི་མཚོ་རླབས་ལ་ཁ་གཏད་གཅོག་ཆེད་ཟླ་10ཚེས་27ཉིན་ནས་ཚེས་31ཉིན་བར་ནི་དམིགས་བསལ་གུང་གསེང་ཡིན་པས་ཆུ་ལོག་གནོད་འཚེའི་ཤུགས་རྐྱེན་ཕོག་པའི་པང་ཁོག་དང་དེ་བཞིན་ཁེ་ལས་དང་ཚན་པ་གཞན་དག་20ལ་གུང་གསེང་བཞག་སྟེ་སྟོབས་ཤུགས་ཡོད་དགུ་སྒྲིག་འཛུགས་ཀྱིས་ཆུ་ལོག་འགོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
ཟླ་10ཚེས་27ཉིན་ཐེ་ལན་གྱི་རྒྱལ་ས་པང་ཁོག་གི་གོང་མའི་ཕོ་བྲང་ཆེན་པོའི་རྒྱ་སྒོའི་ཕྱི་རོལ་ཏུ་ཆུ་ལོག་གིས་བསྣུབས་པའི་གནས་ཚུལ་ཡིན་པ།
ཟླ་10ཚེས་27ཉིན་ཐེ་ལན་གྱི་རྒྱལ་ས་པང་ཁོག་བྱང་འདབས་སུ་གནས་པའི་མོ་ཅི་རྒྱང་རིང་འགྲུལ་སྐྱེལ་འབབ་ཚིགས་སུ་མི་རྣམས་ཀྱིས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་པང་ཁོག་ནས་བྲལ་རྒྱུར་སྒུག་བཞིན་ཡོད་པ།