དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་དང་ཝེ་ཐེ་ནམ་དབར་འགོག་སྲུང་མཉམ་ལས་དང་སྤེལ་རེས་བརྗེད་ཐོར་མིང་རྟགས་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        གོང་ཚེས་ཉིན་རི་པིན་གྱི་འགོག་སྲུང་པུའུ་ཀྲང་ཡི་ཁྲོན་པོའི་ཕུའུ་ཡིས་འགོག་སྲུང་ཧྲེང་དུ་ཝེ་ཐེ་ནམ་གྱི་རྒྱལ་སྲུང་པུའུ་ཀྲང་ཕུང་ཀོང་ཆིང་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རྒྱལ་སྲུང་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྗེད་ཐོར་མིང་རྟགས་བཀོད་པ་རེད། རི་པིན་གྱི་སྨྱན་སྦྱོར་ཚན་པས་དབྱེ་ཞིབ་བྱས་ཏེ་བྱ་ཐབས་དེ་སྤྱོད་དོན་ནི་རྒྱ་མཚོ་ཤར་མ་དང་རྒྱ་མཚོ་ལྷོ་མ་བར་རྐང་བཙུགས་ནས་ཁེ་དབང་ཆེ་རུ་གཏོང་མཁན་ལ་ངོས་འཛིན་བྱེད་པའི་ཀྲུང་གོར་དམིགས་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད། དེ་ནི་རྒྱལ་སྲུང་པུའུ་ཀྲང་གིས་ལོ་13ནང་རི་པིན་དུ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་པ་རེད།

        ཡི་ཁྲོན་གྱིས་གྲོས་མོལ་བྱེད་སྐབས “ཝེ་ཐེ་ནམ་ནི་ཨེ་ཤེ་ཡ་ཤར་ལྷོ་ས་ཁུལ་གྱི་རྒྱལ་ཁབ་ཆེ་གྲས་ཤིག་ཡིན། བརྗེད་ཐོ་དེ་རྒྱལ་ཁབ་གཉིས་པོས་འགོག་སྲུང་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིར་འགྱུར་ངེས་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བརྩིས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད ”ཅེས་གསུངས་པ་རེད།

        ཕུང་ཀོང་ཆིང་གིས “རི་པིན་དང་ཝེ་ཐེ་ནམ་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་གལ་ཆེན་ཞིག་ཆགས་ཡོད ”ཅེས་བསྟན་པ་རེད།

        ཕྱོགས་གཉིས་པོས་ད་དུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་བདེ་འཇགས་དུས་བབ་དང་ཕྱོགས་མང་ཐད་བདེ་འཇགས་གྲོས་མོལ་བྱེད་སྟངས་དང་དེ་བཞིན་རི་པིན་ཤར་ངོས་ཀྱི་ས་ཡོམ་ཆེན་པོའི་ཁྲོད་ཀྱི་རང་སྲུང་རུ་ཁག་གི་བྱེད་སྒོ་སྤེལ་བ་སོགས་ཀྱི་གྲོས་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།