དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིས་དཔལ་འབྱོར་འཕར་བའི་སྔོན་དཔག་དམའ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྲོལ་བའི་འཆར་ཅན་གྱི་སྲིད་ཇུས་ཚོགས་འདུའི་ཐོག་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཚད་དེ་ཀླད་ཀོར་དང་ཧ་ལམ་མཚུངས་པའི་ཆུ་ཚད་དམའ་ཤོས་སུ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་ཡར་སྐུལ་གྱི་སྲིད་ཇུས་དེ་བས་མང་བ་ཞིག་ལ་བརྟེན་ནས་ཕྱི་དངུལ་ཁྲོམ་རའི་ཨ་སྒོར་དང་ཡོ་རོབ་སྒོར་མོ་དང་རི་པིན་གྱི་སྒོར་མོ་བརྗེ་བ་སོགས་དངུལ་ལོར་གཙོ་བོའི་འཛའ་ཐང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་མིན་ཐད་རྣམ་འགྱུར་གསལ་པོ་བསྟན་མེད་པ་རེད།

        དེ་དང་ཆབས་ཅིག་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་དཔལ་འབྱོར་གྱི་མདུན་ལམ་ཐད་ཀྱི་ལྟ་སྟངས་དེ་སྔོན་ལས་ཞན་ཙམ་ཡོད་ཅིང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་དཔལ་འབྱོར་ལ་འཕྲད་པའི་དཀའ་ངལ་དེ་དེ་གོང་བསམ་ཚོད་བྱས་པ་ལས་ཆེ་བ་ཡོང་སྲིད་པར་བརྟེན་འདི་ལོ་དང་དུས་སང་ལོ་གཉིས་རིང་གི་ཨ་རིའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམའ་རུ་བཏང་བ་དང་ལས་ཤོར་གྱི་སྔོན་དཔག་མཐོ་རུ་བཏང་ཡོད་ཅེས་བཤད་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་སྔོན་དཔག་བྱས་པར་གཞིགས་ན། 2011ལོ་དང་2012ལོའི་ཨ་རིའི་དཔལ་འབྱོར་འཕར་ཚད་2.7%ནས་2.9%བར་དང་3.3%ནས་3.7%བར་ཡིན་པ་དེ་ཟླ་བ་བཞི་པའི་ཟླ་མཇུག་སྐབས་སྔོན་དཔག་བྱས་པའི་3.1%ནས་3.3%བར་དང་3.5%ནས་4.2%བར་ལས་དམའ་བ་ཡོད། འདི་ལོ་དང་དུས་སང་ལོ་གཉིས་ཀྱི་ལས་ཀ་ཤོར་ཚད་སྔོན་དཔག་བྱས་ན་8.6%ནས་8.9%བར་དང་7.8%ནས་8.2%བར་ཡིན་པ་དེ་དེ་གོང་སྔོན་དཔག་བྱས་པའི་8.4%ནས་8.7%བར་དང་7.6%ནས་7.9%བར་ལས་མཐོ་བ་ཡོད་པ་རེད། དེ་དང་ཆབས་ཅིག་མཐོ་རུ་བཏང་བའི་གྲས་སུ་ད་དུང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་དངུལ་ལོར་འགྲེམས་ཐལ་ཤོར་བའི་ཐད་སྔོན་དཔག་བྱས་པ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།