དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རི་པིན་བྱང་ཤར་རྒྱུད་ཀྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ་6.7བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཏུང་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། རི་པིན་གནམ་གཤིས་ཐིང་གི་འགན་ཁུར་བས་བརྗོད་པར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་23ཉིན་གྱི་ཆུ་ཚོད་6དང་སྐར་མ་51(པེ་ཅིང་གི་དུས་ཚོད་ཚེས་23ཉིན་གྱི་ཆུ་ཚོད་5དང་སྐར་མ་51)ཐོག་རི་པིན་བྱང་ཤར་རྒྱུད་དུ་ས་ཡོམ་དྲག་པོ་རིམ་པ་6.7བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་20ཟིན་ཡོད་ཅེས་བརྗོད་པ་དང་རི་པིན་གནམ་གཤིས་ཐིང་གིས་ད་དུང་མཚོ་ཡོམ་གྱི་ཉེན་བརྡ་བཏང་ཡོད་པ་རེད།

        ད་ཐེངས་ས་ཡོམ་གྱི་ཡོམ་ལྟེ་དེ་ཤར་གྱི་གཞུང་ཐིག་ཏུའུ་142.5དང་བྱང་གི་འཕྲེད་ཐིག་ཏུའུ་39.9སར་གནས་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་20ཡོད་པ་དང་། ཆིང་སེན་རྫོང་དང་ཡན་ཧྲོའུ་རྫོང་གི་ས་ཁུལ་ཁག་གཅིག་ཏུ་ཡོམ་ཚོར་ཆེན་པོ་བྱུང་ཡོད་པ་རེད།

        ས་ཡོམ་བརྒྱབ་རྗེས་རི་པིན་གནམ་གཤིས་ཐིང་གིས་ཆུ་ཚོད་6དང་སྐར་མ་53སྐབས་མཚོ་ཡོམ་གྱི་ཉེན་བརྡ་བཏང་ནས་ས་ཡོམ་ལས་བྱུང་བའི་མཚོ་ཡོམ་གྱིས་ཡན་ཧྲོའུ་རྫོང་གི་མཚོ་རྒྱུད་དུ་མཚོ་རླབས་མཐོ་ཚད་སྨི་0.5ཐོན་སྲིད་ཅེས་བརྗོད་ཡོད་པ་དང་། རི་པིན་བྱང་ཤར་རྒྱུད་ཀྱི་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་པའི་དུས་སུ་སླེབས་ཉེར་ཡོད་པས་གནམ་གཤིས་ཐིང་གིས་ས་གནས་དེ་གའི་མང་ཚོགས་ལ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་སྲིད་ཅེས་དྲན་སྐུལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།