མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན “རྟེན་གཞིའི ”རྩ་འཛུགས་ཀྱི་ཁོངས་མི་68ཡེ་མེན་ཤར་ལྷོའི་རྒྱུད་ཀྱི་ཁ་ཏེ་ལ་མའོ་ཞིང་ཆེན་གྱི་ལྟེ་གནས་མུའུ་ཁ་ལ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནས་བྲོས་བྱོལ་དུ་ཕྱིན་ཞིང་། ས་གནས་དེ་གའི་བདེ་འཇགས་དཔོན་རིགས་ཤིག་གིས “རྟེན་གཞིའི ”རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཡིན་བཟོ་ཡོད་པའི་མི་ཁག་གཅིག་གིས་མཚོན་ཆ་ཆེ་རིགས་སྤྱད་དེ་བཙོན་ཁང་དེར་ཕར་རྒོལ་བྱས་ཏེ་བཙོན་ཁང་གི་ཉེན་རྟོག་པ་གཅིག་བསད་པ་དང་ཉེན་རྟོག་པ་གཉིས་ལ་རྨས་སྐྱོན་བཏང་རྗེས་བཙོན་ཁང་ནང་གི་ཉེས་ཅན་པས་ཟང་ཟིང་གི་དུས་དང་བསྟུན་ནས་ཕྱིར་བྲོས་པ་དང་བཙོན་པ་གཅིག་གདོང་ཐུག་ཁྲོད་ཤི་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། བཙོན་ཁང་དེའི་ཉེས་ཅན་པ་ཚང་མ་ནི་ཡེ་མེན་བ་ཡིན་པ་དང་མི་མང་པོ་ཞིག་ནི་དབྱི་རག་ནས་ཕྱིར་ལོག་བྱས་རྗེས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད།