མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་གཞོན་པ་གཞུང་ཚབ་ཆེ་མོ་ཝང་མིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སོ་མ་ལིའི་མཚོ་ཇག་གནད་དོན་སྐོར་གྱི་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་མིག་སྔར་སོ་མ་ལིའི་མངའ་ཁོངས་ཕྱི་ནང་དུ་མཚོ་ཇག་ལ་ངོ་རྒོལ་བྱེད་པའི་ཁྲིམས་ར་འཛུགས་རྒྱུའི་ཐད་སྔར་བཞིན་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་ཅིང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་འབད་བརྩོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རིམ་བཞིན་དཀའ་ངལ་ཁྱད་བསད་བྱས་ཏེ་སོ་མ་ལིའི་འདོད་མོས་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་ཐོག་ཆེས་ནུས་ལྡན་དང་སྤྱོད་གོ་ཆོད་པའི་ཐག་གཅོད་ཀྱི་ཇུས་གཞི་ཆགས་པ་བྱ་རྒྱུའི་རེ་འབོད་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།