དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཕན་ཅི་ཝུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་མུ་མཐུད་བསྐོ་གཞག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་སྐབས་དྲུག་ཅུ་རེ་ལྔ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་ལྟའི་དྲུང་ཆེ་ཕན་ཅི་ཝུན་གྱིས་དྲུང་ཆེ་མུ་མཐུད་གནང་རྒྱུའི་འོས་སྦྱོར་གནང་བར་གྲོས་འཆམ་བྱས་པ་དང་ལས་འགན་བཞེས་པའི་ལོ་ལྔ་ཚན་གཉིས་པ་ནི་2012ལོའི་ཟླ་1ཚེས་1ཉིན་ནས་འགོ་ཚུགས་རྒྱུ་ཡིན་པ་རེད། དེ་རྗེས་འགན་བཞེས་གཏམ་བཤད་གནང་སྐབས་ཕན་ཅི་ཝུན་གྱིས་ཚོགས་མིའི་རྒྱལ་ཁབ་ཁག་གིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་ཉིད་ཀྱིས 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས 》ཀྱི་དམིགས་ཡུལ་དང་རྩ་དོན་གཞིར་བཟུང་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཆབས་ཅིག་འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུར་གཞོལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་མི་དམངས་ལ་ཞབས་འདེགས་སྔར་བས་ལེགས་པ་ཞུ་ཐུབ་པའི་ཁས་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེ་ཡིས་ཀྲུང་གོའི་ཕྱོགས་ཀྱིས་ཕན་ཅི་ཝུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་སླར་ཡང་བསྐོ་གཞག་གནང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་མི་སྒེར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།