མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཏུང་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་རྒྱལ་སྤྱིའི་TOP500རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམ་འདས་རྩིས་འཁོར་གསར་ཤོས་བང་རིམ་ཆེ་གྲས་500ཡོངས་བསྒྲགས་བྱས་ཏེ་རི་པིན་གྱི་རིམ་འདས་རྩིས་འཁོར “ཅིང ”གིས་སྐར་ཆ་རེར་ཐེངས་དུང་ཕྱུར་ཁྲི་8612ཀྱི་རྩིས་རྒྱག་མྱུར་ཚད་ཐོག་ནས་ཨང་དང་པོ་བླངས་ཤིང་། ཀྲུང་གོའི “དགུ་ཚིགས་དང་པོ ”གི་སྐར་ཆ་རེར་ཐེངས་དུང་ཕྱུར་ཁྲི་2566གི་རྩིས་རྒྱག་མྱུར་ཚད་ཐོག་ནས་ཨང་གཉིས་པར་ལྷུང་བ་རེད།
“ཅིང ”ནི་རི་པིན་གྱི་དངོས་ཁམས་རྫས་འགྱུར་རིག་པ་ཞིབ་འཇུག་ཁང་དང་ཧྥུ་ཧྲི་ཐུང་གིས་ཐུན་མོང་ཐོག་ཞིབ་འཇུག་གསར་སྤེལ་བྱས་པའི་རིམ་འདས་རྩིས་འཁོར་ཞིག་ཡིན་པ་དང་། ཞིབ་འཇུག་གསར་སྤེལ་མི་སྣས་2012ལོའི་ཟླ་6པའི་གོང་དུ་དེའི་རྩིས་རྒྱག་མྱུར་ཚད་སྐར་ཆ་རེར་ཐེངས་གཏམས་་ཆེན་པོ་1ལ་སླེབས་རྒྱུའི་འཆར་གཞི་ཡོད་པ་རེད།