མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པུའུ་ལུའུ་སེའར་ནས་གློག་འཕྲིན་འབྱོར་གསལ། ཕ་རི་སི་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ཡོ་རོབ་གླིང་འཇིག་རྟེན་འཕུར་སྐྱོད་འགོག་སྲུང་ལས་དོན་ཚོགས་པས་འཛམ་གླིང་ཐོག་གི “ཁོར་ཡུག་ལ་བཙོག་སྐྱོན་མི་འཕོག་པའི་སྒྲ་ལས་མྱུར་བའི་གནམ་གྲུ ”དང་པོ་དེ་བཟོ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། སྐབས་དེར་གནམ་གྲུ་དེའི་ནང་བསྡད་དེ་ཕ་རི་སི་ནས་ཏུང་ཅིང་དུ་སྐྱོད་པར་ཆུ་ཚོད་2.5ལས་འགོར་གྱི་མེད་པ་མ་ཟད། གནམ་གྲུ་དེའི་ནང་རྣ་བར་གཟན་པའི་འཛེར་སྒྲ་ཐོས་རྒྱུ་མེད་པ་རེད།
མིག་སྔར་ཡོ་རོབ་གླིང་འཇིག་རྟེན་འཕུར་སྐྱོད་འགོག་སྲུང་ལས་དོན་ཚོགས་པས་རི་པིན་གྱི་ཚན་ཞིབ་མི་སྣ་དང་མཉམ་དུ “ཁོར་ཡུག་ལ་བཙོག་སྐྱོན་མི་འཕོག་པའི་སྒྲ་ལས་མྱུར་བའི་གནམ་གྲུ ”དེ་རིགས་ཞིབ་འཇུག་གསར་སྤེལ་བྱེད་བཞིན་ཡོད་པ་དང་སྔོན་དཔག་བྱས་ན། དེའི་ནང་མི་50ནས་100བར་ཤོང་བ་དང་2050ལོར་བེད་སྤྱོད་གཏོང་འགོ་འཛུགས་རྩིས་ཡོད་པ་རེད།