མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་རྒྱལ་ཁབ་ཁག་གཅིག་གིས་ཚེས་22ཉིན་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་ལངས་ནས་ལོ་70འཁོར་བར་དྲན་གསོ་ཞུས་པ་དང་། རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོས་མཚན་མཉམ་བཀོད་ཀྱིས་རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྲིངས་པའི་ཡི་གེ་ཡོངས་བསྒྲགས་བྱས་ཏེ་རང་བཙན་རྒྱལ་ཁབ་མཉམ་འབྲེལ་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཚོས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཞི་བདེ་སྲ་བརྟན་དང་ལོ་རྒྱུས་ཀྱི་སྐྱོ་གར་སླར་ཡང་ཐོན་རྒྱུ་སྔོན་འགོག་གིས་རྒྱལ་ཁབ་ཁག་གི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་ཡོང་བ་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།
ཚེས་22ཉིན་ཨུ་རུ་སུའི་ས་གནས་ཁག་ཏུ་བྱེད་སྒོ་སྤེལ་ཞིང་། ཝུའུ་ཁེ་ལན་གྱི་ཙུང་ཐུང་ཡ་ནུའུ་ཁུའེ་ཝུའེ་ཆིས་ཉིན་དེ་རང་དུ་ཅི་ཕུའུ་རུ་རྒྱལ་སྲུང་དམག་འཁྲུག་ལངས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་རེད། ཡ་མེ་ཉི་ཡའི་རྒྱལ་ས་ཨའེ་ལི་དབུན་རུ་མི་རྣམས་ཀྱིས་འདུ་འཛོམས་བྱས་ཏེ་ལག་ཏུ་ཡང་ལཱ་འཁྱེར་ནས་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་ནང་རང་སྲོག་ཤོར་མཁན་ཚོར་མྱ་ངན་ཞུས་པ་རེད།
ཟླ་6ཚེས་22ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་ཨུ་རུ་སུའི་ཙུང་ཐུང་མའེ་ཏེ་ཝུའེ་ཅེ་ཕུའུ (མདུན་གྱི་གཡོན )དང་ཙུང་ལི་ཕུའུ་ཅིང (མདུན་གྱི་གཡས )གིས་ཁེ་ལིན་མུའུ་ལིན་ཕོ་བྲང་ཕྱི་རོལ་གྱི་མིང་བཀོད་མེད་པའི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་རྒྱལ་སྲུང་དམག་འཁྲུག་ལངས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ།
ཟླ་6ཚེས་22ཉིན་ཨུ་རུ་སུའི་མོ་སི་ཁོར་མི་ཚོས་ཁེ་ལིན་མུའུ་ལིན་ཕོ་བྲང་ཕྱི་རོལ་གྱི་མིང་བཀོད་མེད་པའི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་ཡང་ལཱ་དང་མེ་ཏོག་སོས་པ་ཕུལ་ནས་རྒྱལ་སྲུང་དམག་འཁྲུག་ལངས་ནས་ལོ་70འཁོར་བར་དྲན་གསོ་ཞུས་པ།
ཟླ་6ཚེས་22ཉིན་ཨུ་རུ་སུ་དང་ཨུ་ཁེ་ལན་སོགས་རྒྱལ་ཁབ་ཀྱི་དམག་དོན་སྤྲོ་སྐྱིད་ཁང་གི་འཐུས་མིས་པེ་ཨུ་རུ་སུའི་པུ་ལེ་སི་ཐེ་ཡའོ་སའེ་རུ་དམག་དོན་ནང་སྦྱོང་བྱེད་སྒོར་ཞུགས་ནས་པུ་ལེ་སི་ཐེ་བཙན་རྫོང་སྲུང་སྐྱོབ་དམག་གི་དམག་འཐབ་སླར་ཡང་མངོན་པ་བྱས་ཏེ་རྒྱལ་སྲུང་དམག་འཁྲུག་ལངས་ནས་ལོ་70འཁོར་བར་དྲན་གསོ་ཞུས་པ།