དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལ་ཐེ་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས“ཀྲུང་གོ་དང་ཡོ་རོབ་གཞོན་ནུའི་སྤེལ་རེས་ལོའི”གཞུང་ཚབ་ཁང་གི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཚེས་13ཉིན་གྱི་གོང་ལ་ཐེ་ཝེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་རི་ཀིར “ཀྲུང་གོ་དང་ཡོ་རོབ་གཞོན་ནུའི་སྤེལ་རེས་ལོའི ”སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། ལ་ཐེ་ཝེ་ཡའི་སློབ་གསོ་དང་ཚན་རིག་པུའི་པུའུ་ཀྲང་པུ་ལོ་ཁེ་སི་དང་། ལ་ཐེ་ཝེ་ཡ་སློབ་ཆེན། སི་ཐེ་ལ་ཅིན་ཧྲི་སློབ་ཆེན། ཝུའེ་རྩེ་མུའུ་སློབ་ཆེན། རི་ཀི་གྲོང་ཁྱེར་རིག་གནས་སློབ་འབྲིང་། རི་ཀི་གྲོང་ཁྱེར་གྱི་སློབ་འབྲིང་34པ་དང་རི་ཀི་གྲོང་ཁྱེར་གྱི་སློབ་འབྲིང་68པའི་སློབ་མ་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དང་ཀྲུང་གོའི་མ་འཇོག་ལས་ཁུངས་དང་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་འཐུས་མི་སོགས་ཀྲུང་ཕྱིའི་སྐུ་མགྲོན་བརྒྱ་ལྷག་ཙམ་ཉིན་དེ་རང་གི་བྱེད་སྒོར་ཞུགས་ཤིང་། འདི་ནི་ལ་ཐོ་ཝེ་ཡའི་བུ་མོ་གཅིག་གིས་རི་ཀི་རུ་འཚོགས་པའི “ཀྲུང་གོ་དང་ཡོ་རོབ་ཀྱི་གཞོན་ནུའི་སྤེལ་རེས་ལོའི ”བྱེད་སྒོའི་ནང་འཁྲབ་སྟོན་བྱས་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།