དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྟེན་གཞིའི”རྩ་འཛུགས་ཀྱིས་ཀྲ་ཝ་ཤིས་ལི་འགོ་ཁྲིད་པ་གསར་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཁེ་རོ་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན “རྟེན་གཞི ”རྩ་འཛུགས་ཀྱིས་དྲ་སྦྲེལ་བརྒྱུད་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་མི་སྣ་ཨང་གཉིས་པ་ཨེ་མའེ ·ཀྲ་ཝ་ཤིས་ལི་རྩ་འཛུགས་དེའི་འགོ་ཁྲིད་པ་གསར་པར་འདེམས་སྒྲུག་བྱས་ནས་ཟླ་ལྔ་པའི་ཟླ་འགོར་ཨ་དམག་གིས་བསད་པའི་པེན ·ལ་ཏེན་གྱི་ཚབ་བྱ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

        ཀྲ་ཝ་ཤིས་ལིས་འདི་ཟླའི་ཚེས་8ཉིན་བཪྙན་འཕྲིན་གཏམ་བཤད་སྤེལ་ཏེ་ནུབ་ཕྱོགས་ལ་ཁ་གཏད་གཅོག་པའི་དམག་མུ་མཐུད་རྒྱག་རྒྱུའི་དམ་བཅའ་བཞག་པ་དང་སྦྲགས་པེན ·ལ་ཏེན་ཨ་རིས་བསད་པར་འགྱོད་པ་སྐྱེ་གི་རེད་ཅེས་ཉེན་བརྡ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།