མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་སྐུད་ཡོད་བཪྙན་འཕྲིན་ཁང་གི་གསར་འགྱུར་དྲ་བའི་ཐོག་གོང་ཚེས་ཉིན་གནས་ཚུལ་སྤེལ་བ་གཞིར་བཟུང་། ཨ་རིའི་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཙུང་ཐུང་ཨའོ་པ་མས་ཚེས་22ཉིན་གསུང་བཤད་གནང་སྐབས་2012ལོའི་ལོ་མཇུག་ལ་སླེབས་དུས་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་ཁྲི་3ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་ཕྱིར་བསྒྲགས་བྱས་པ་རེད། ད་ལྟ་ཨ་ཧྥུ་ཧན་དུ་བཅའ་སྡོད་ཨ་དམག་ཁྱོན་ཁྲི་10ལྷག་ཙམ་ཡོད་པའི་ནང་མི་ཁྲི་3ཙམ་ནི་ཨའོ་པ་མའི་སྲིད་གཞུང་གི་2009ལོའི “དམག་སྣོན ”འཐབ་ཇུས་ཁྲོད་མངགས་གཏོང་བྱས་པ་ཞིག་རེད།
བརྗོད་པར་གཞིགས་ན་ཨའོ་པ་མས་ད་དུང་གསུང་བཤད་གནང་སྐབས་ད་ལོའི་ཟླ་བདུན་པར་ཨ་ཧྥུ་ཧན་ནས་ཕྱིར་འཐེན་བྱེད་པའི་དམག་མི་ཁག་དང་པོའི་མི་གྲངས་ཀྱང་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་བརྗོད་ཡོད། ནོར་སྲིད་ཀྱི་གནོན་ཤུགས་དང “རྟེན་གཞིའི ”འགོ་པ་པེན ·ལ་ཏེང་བསད་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཨ་ཧྥུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་ཨ་རིའི་རྒྱལ་ནང་གི་རེ་འབོད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་ཉེ་དུས་དམངས་འདོད་བརྟག་ཞིབ་ཁག་གཅིག་ལས་ཨ་རིའི་མི་བཞི་ཆ་གསུམ་གྱིས་ཨ་ཧྥུ་ཧན་ནས་དམག་དཔུང་ཚང་མའམ་ཡང་ན་ཁག་གཅིག་ཕྱིར་འཐེན་བྱེད་རྒྱུའི་རེ་བ་བྱེད་པ་མངོན་གྱི་ཡོད་པ་རེད།