དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཨ་རིའི་ཁྲིམས་དཔོན་གྱིས་པེན·ལ་ཏེན་ལ་ཞུ་གཏུག་བརྒྱབ་པ་ཕྱིར་འཐེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་ཨ་རིའི་ཉིའུ་གཡོད་མན་ཧ་ཏུན་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གི་པེན ·ལ་ཏེན་གྱི་གྱོད་གཞི་ཞིབ་གཅོད་བྱེད་འགན་འཁུར་མཁན་ཁྲིམས་དཔོན་ཁ་ཕུའུ་ལེན་གྱིས་བསད་ཟིན་པའི “རྟེན་གཞིའི ”སྒྲིག་འཛུགས་ཀྱི་འགོ་པ་པེན ·ལ་ཏེན་ལ་དམིགས་པའི་ཉེས་དོན་ཞུ་གཏུག་ཕྱིར་འཐེན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

        ཨ་རིའི་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་གལ་ཏེ་ཞུ་སྦྱོར་ཕྱི་མ་ཤི་ཚེ་ཁྲིམས་དཔོན་གྱིས་ཞུ་གཏུག་ཕྱིར་འཐེན་བྱ་རྒྱུའི་བཀའ་གཏོང་གི་ཡོད། འོན་ཀྱང་ཞུ་གཏུག་གྱོད་གཞི་དེ་དག་ནང་མིག་སྔར “རྟེན་གཞིའི ”སྒྲིག་འཛུགས་ཀྱི་འགོ་པ་་གསར་པར་གྱུར་པའི་ཀྲ་ཝ་ཤིས་ལི་ནི་གྱོད་གཞི་དེ་གའི་ཞུ་སྦྱོར་ཕྱི་མའང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།