དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཐུ་ནི་སིས་དོ་བདག་མེད་པར་དེ་སྔའི་ཙུང་ཐུང་པན·ཨ་ལིར་ཁྲིམས་གཅོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཐུ་ནི་སིའི་དེ་སྔའི་ཙུང་ཐུང་པན ·ཨ་ལིས་ཐུ་ནི་སིའི་ཉེས་དོན་ཁྲིམས་ཁང་གི་དོ་བདག་མེད་པའི་ཁྲིམས་གཅོད་དང་ལེན་བྱ་རྒྱུ་ཡིན་ཞིང་། པན ·ཨ་ལིར་ཞུ་གཏུག་ཁག་93ཡོད་པ་དེའི་ནང་ཞུ་གཏུག་ཁག་35ནི་དམག་དོན་ཁྲིམས་རར་འདྲི་གཅོད་བྱ་རྒྱུར་འབུལ་རྒྱུ་ཡིན་པ་དང་ཁྲིམས་ཁང་གིས་པན ·ཨ་ལིར་བཤེར་རྩོད་དག་འབུད་བྱེད་མཁན་ཁྲིམས་རྩོད་པ་གཉིས་དམིགས་འཛུགས་བྱས་པ་རེད།

        པན ·ཨ་ལིར་ཞུ་གཏུག་བྱ་རྒྱུ་དེའི་ནང་ཚུལ་མིན་བྱེད་ཐབས་སྤྱད་དེ་ཁེ་ཕན་ཐོབ་པ་བྱས་པ་དང་། བཙོག་དངུལ་གཙང་སྒྱུར་བྱས་པ། དུག་བཙོང་བ། མཚོན་ཆ་ལྐོག་ཉར་བྱས་པ། ལྐོག་གསོད་བྱས་པ་སོགས་ཚུད་ཡོད། བརྟག་དཔྱད་མི་སྣས་པན ·ཨ་ལིའི་སྡོད་ཁང་ནས་ཪྙེད་པའི་ཚུལ་མིན་ཐོབ་ཆའི་རིན་ཐང་ནི་ཐུ་ནི་སིའི་ལོའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་བཞི་ཆ་གཅིག་དང་མཚུངས་ཡོད་ཅེས་བཤད། གལ་ཏེ་ཞུ་གཏུག་དེ་དག་ཁུངས་བཙན་ཞིག་ཡིན་ཚེ་པན ·ཨ་ལིར་སྲོག་ཆད་ཕོག་ཉེན་ཡོད་ཅེས་བཤད།

        བཤད་པར་གཞིཌ་ན། མིག་སྔར་སོ་ཏི་ཨ་རབ་ཀྱི་མཚོ་རྒྱུད་གྲོང་ཁྱེར་ཅི་ཏར་ཡོད་པའི་པན ·ཨ་ལིས་ཞུ་གཏུག་དང་འདྲི་གཅོད་དེ་དག་ནི “རྒྱལ་ཁ་ཐོབ་མཁན་གྱི་དྲང་བདེན ”ཞིག་ཡིན་པའི་ངོས་འཛིན་བྱས་པ་དང་ཁོང་གིས་རང་ཉིད་ཀྱི་སྡོད་ཁང་ནས་ཪྙེད་པའི “ཚུལ་མིན་ཁེ་ཕན ”ཟེར་བ་དེ་དག་དངོས་གནས་བརྗོད་ན་གཞན་གྱིས་སྤྲད་པའི་མི་སྒེར་གྱི་ལག་རྟགས་ཡིན་པ་དང་དུག་རྫས་ཪྙེད་པ་ཟེར་བ་ནི་རྦད་དེ་རྫུན་བཟོ་བྱས་པ་ཞིག་རེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།