དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཕན་ཅི་ཝུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་འགན་བསྟུད་མར་བཞེས་རྒྱུར་འོས་སྦྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། པར་ཙིར་དུ་འཚམས་འདྲི་གནང་བཞིན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཚེས་17ཉིན་ཁོང་གི་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོང་དྲུང་ཆེའི་འགན་བསྟུད་མར་བཞེས་རྒྱུར་འོས་སྦྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེའི་སྔ་དྲོ་ཚོགས་འདུ་འཚོགས་ནས་ལས་འཛིན་རྒྱལ་ཁབ་15ཡིས་ཐལ་མོ་རྡེབ་པའི་ཐོག་ནས་གྲོས་འཆམ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ད་ལྟ་འགན་བཞེས་མུས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་2012ལོའི་ཟླ་1ཚེས་1ནས་བཟུང་དྲུང་ཆེའི་འགན་བསྟུད་མར་ལོ་5བཞེས་རྒྱུར་འོས་སྦྱོར་བྱ་རྒྱུའི་གཏན་འབེབས་མགྲིན་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།