ཨ་རིའི་ཅ་ལི་ཕུའུ་ཉི་ཡ་ནས་ཡིན་པའི་མིང་ལ་པའར་སེན་ཞེས་པར་ལོ་བརྒྱད་སྔོན་གྱི་ཉིན་ཞིག་དུས་གཅིག་ལ་གློག་རྡུལ་གད་སྙིགས་སྦྲག་བསྐུར་འབོར་ཆེན་ཞིག་འབྱོར་བས་རབ་ཏུ་ཁྲོས་ཏེ “ཏེན་ཨེན་གྱིས་གད་སྙིགས་སྦྲག་བསྐུར་ལ་ཁོང་ཁྲོ་བྱེད ”ཅེས་པའི་དྲ་ཚིགས་ཤིག་བཙུགས་པ་དང་ཆབས་ཅིག་ལས་ཀ་ནས་འཐེན་ཏེ་ཅིའུ་ཅིན་ཧྲན་གྱི་ཅ་ཀྲོའུ་སློབ་ཆེན་གྱི་ཧའེ་སི་ཐིང་ཁྲིམས་རིག་པ་སློབ་གླིང་དུ་སློབ་སྦྱོང་བྱས་ནས་གད་སྙིགས་སྦྲག་ཐོག་བསྐུར་མཁན་ཀུང་སིར་ཞུ་གཏུག་རྒྱག་པའི་དམིགས་བསལ་གྱི་ལས་རིགས་གཉེར་འགོ་བརྩམས།
ཁོང་གིས་ཞུ་གཏུག་བརྒྱབ་པའི་ཀུང་སི་ཚང་མ་ནི་དྲ་བ་སྤྱོད་མཁན་ལ་གོང་ཁེ་སྨན་རྫས་བརྡ་ཆ་དང་། ཆགས་སྤྱོད་ལས་རིགས་ཀྱི་བརྡ་ཆ། གོང་ཁེ་བའི་ཡུལ་སྐོར་བརྡ་ཆ་བཅས་གཏོང་མཁན་གྱི་ཀུང་སི་ཡིན། ཅ་ཀྲོའུ་ཡི “གད་སྙིགས་བརྡ་ཆའི་ཆ་འཕྲིན་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས ”ལ་གཞིགས་ཏེ་ཅིའུ་ཅིན་ཧྲན་རྫོང་མཐོ་རིམ་ཁྲིམས་ཁང་གི་འབོར་ཆུང་བུ་ལོན་ཁྲིམས་ཁང་ལ་པའར་སེན་གྱིས་ཞུ་གཏུག་རྒྱག་གི་ཡོད། བཅའ་ཁྲིམས་དེའི་ནང་དུ་ཀུང་སིས་མི་རྣམས་གོ་འཛོལ་ཐེབས་ངེས་པའི་བརྡ་ཆ་གཏོང་བ་དང་སྦྲགས་བརྡ་འཕྲིན་ནང་གི་ཚོང་ཟོག་ཚང་མར་རིན་མི་དགོས་པའི་ལོག་ཁྲིད་བརྡ་ཆའི་ཆ་འཕྲིན་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད།
པའར་སེན་གྱིས་ཞུ་གཏུག་བརྒྱབ་པ་མི་ཉུང་བ་ཞིག་ལ་ཁྲིམས་ཁང་གིས་ཐག་གཅོད་བྱས་པ་དང་སྦྲགས་ཨ་སྒོར་ཁྲི་100ལས་བརྒལ་བའི་རྣམ་གྲངས་40ལ་ཞུ་གཏུག་བྱས་ཡོད། ཀུང་སི་མི་ཉུང་བ་ཞིག་གིས་ཪྙོག་དྲ་བཟོ་འདོད་མེད་པའི་དབང་གིས་བར་འདུམ་དངུལ་སྤྲད་ནས་ཪྙོག་དྲ་ལས་ཐར་ཐབས་བྱེད་ཀྱི་ཡོད། ཁོང་ཡང་2008ལོར་ཁྲིམས་ལུགས་རིག་པའི་སློབ་གླིང་ནས་ཐོན།
ཤོད་སྲོལ་ལྟར་ན། དྲ་ཚིགས་ཁག་གིས་ཉིན་ལྟར་གད་སྙིགས་སྦྲག་བསྐུར་བསྡོམས་ཡི་གེ་དུང་ཕྱུར་2000ཙམ་བསྐུར་གྱི་ཡོད་པས་གནོད་འཚེ་ཕོག་མཁན་ཡང་དུང་ཕྱུར་ཙམ་ཡོད། དུང་ཕྱུར་དུ་མའམ་ཡང་ན་དུང་ཕྱུར་བཅུ་ཕྲག་འགའི་སྦྲག་ཚུགས་ཐོ་ཁོངས་ཁྲོད་པའར་སེན་དང་འདྲ་བར “འཁོན་འགྲས་དེ་སྟོབས་ཤུགས་སུ་བསྒྱུར་བ ”དང་དེ་བཞིན “སྟོབས་ཤུགས་དེ་དངུལ་ལོར་ལ་བསྒྱུར་མཁན ”ནི་ཧ་ཅང་ཉུང་ཉུང་རེད། དེའི་ཐོག་ནས་པའར་སེན་ནི་བློ་སྟོབས་ལྡན་ལ་བརྩོན་འགྲུས་ཆེ་བའི་མི་ཞིག་ཀྱང་ཡིན་པ་ཤེས་ཐུབ། ཁོང་གིས་ལས་ཀ་ནས་འཐེན་སྐབས་རང་ཉིད་ལ་རྒྱལ་ཁ་ཐོབ་པའི་གདེང་ཚོད་ཆེར་མེད་ཀྱང་ཁོང་གིས་སེམས་ཐག་དེ་ལྟར་བཅད་པར་སྔ་བལྟས་ཕྱི་བསམས་གཏན་ནས་བྱས་མེད། ཁོང་གིས་སྤྱང་གྲུང་ལ་བརྟེན་ནས “གད་སྙིགས་བརྡ་ཆའི་ཆ་འཕྲིན་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས ”ལ་བརྩོན་ཞིབ་ཚགས་ཚུད་བྱས་པས་ཡིད་ཆེས་ཆེ་རུ་སོང་བ་དང་ཐབས་ལམ་གསར་གཏོད་བྱས་ཏེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱས་ཡོད།
པའར་སེན་གྱི་ཞུ་གཏུག་ལ་རྒྱལ་ཁ་ཐོབ་པ་མ་ཟད། རྒྱུ་ནོར་ཡང་ཐོབ་སྟེ་ཡོན་ཚད་ཀྱི་ཐོབ་ཐང་ཐོབ་ནས་ཁྲིམས་འགལ་ཀུང་སིར་བསླབ་བྱ་བརྒྱབ་པ་རེད།