དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཁ་ཀྲ་ཧྥེ་ཡིས་ལི་པི་ཡར་འདེམས་བསྐོ་བྱ་རྒྱུའི་མོས་མཐུན་བྱེད་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཐི་རི་ཕོ་ལི་ནས་གནས་ཚུལ་འབྱོར་པ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་སྔ་དྲོ་བྱང་ཆིངས་ཀྱིས་དམག་འཐབ་གནམ་གྲུ་བཏང་ནས་མུ་མཐུད་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིར་མཁའ་རྒོལ་དྲག་པོ་བྱས་པ་དེའི་དམིགས་ས་ནི་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཧྥེའི་སྡོད་གནས་ཨ་ཆི་ཆི་ཡ་དམག་སྒར་སོགས་རེད། ལི་པི་ཡའི་གཞུང་ཕྱོགས་བཪྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་ཏེ་ཨ་ཆི་ཆི་ཡ་དམག་སྒར་ལ་ཉུང་མཐར་ཡང་འཕུར་མདེལ་དྲུག་གི་འཇབ་རྒོལ་ཕོག་ནས་བཟོ་སྐྲུན་དངོས་པོ་མང་པོར་གཏོར་སྐྱོན་བཏང་ཡོད་ཅེས་བཤད་ཡོད་པ་རེད།

        ཨ་རབ་བཪྙན་འཕྲིན་ལས་ཁུངས་ཀྱིས་ཚེས་16ཉིན་གནས་ཚུལ་སྤེལ་ནས་ཉེ་ཆར་ཁ་ཀྲ་ཧྥེ་ཡི་བུ་སའེ་དབྱི་ཧྥུ་·དབྱི་སི་ལན་གྱིས་དབྱི་ཐ་ལི་ཡི་སྨྱན་སྦྱོར་ཚན་པ་ཞིག་ལ་ཁ་ཀྲ་ཧྥེ་ཡིས་ཟླ་བ་གསུམ་མམ་ཡང་ན་རིང་ཤོས་ད་ལོའི་ལོ་མཇུག་གོང “རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྐུལ་འོག་གི་མངོན་གསལ་དང་གཞུང་དྲང་གི་འདེམས་བསྐོ ”བྱ་རྒྱུའི་མོས་མཐུན་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། སའེ་དབྱི་ཧྥུ་ཡིས་གལ་སྲིད་འདེམས་བསྐོ་ཕམ་ཚེ་ཁ་ཀྲ་ཧྥེ་ཡིས “རང་འགུལ་ངང་སྲིད་དབང་གཞན་ལ་སྤྲོད་རྒྱུ ”ཡིན་པ་དང་འོན་ཀྱང “ཕྱི་རྒྱལ་དུ་ཡུལ་འགྱར་རྩ་བ་ནས་བྱེད་མི་སྲིད ”ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།