དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཧན་གོས་ནུབ་བྱང་གླིང་ཕྲན་གྱི་འགོག་སྲུང་སི་ལིང་པུའུ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཧྲོའར་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཧན་གོའི་དམག་དཔུང་གིས་ཚེས་15ཉིན་ཡན་ཕིང་གླིང་ཕྲན་དང་པའེ་ཡུས་གླིང་ཕྲན་སོགས་གླིང་ཕྲན་5ཆེད་མངགས་འགན་འཁུར་མཁན་ནུབ་བྱང་གླིང་ཕྲན་འགོག་སྲུང་སི་ལིང་པུའུ་དངོས་སུ་བཙུགས་ཤིང་། ཧན་གོའི་རྒྱལ་སྲུང་པུའི་དཔོན་རིགས་ཅིན་ཁོའང་ཀྲེན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་གལ་ཏེ་ཁྲའོ་ཞན་གྱིས་སླར་ཡང་འཁྲུག་རྐྱེན་གྱི་བྱ་སྤྱོད་སྤེལ་ཚེ་ཧན་གོའི་བཀོད་འདོམས་དཔོན་གྱིས “སྔོན་ལ་བྱ་ཐབས་སྤེལ་བ་དང་དེ་རྗེས་སྙན་ཞུ་འབུལ་རྒྱུའི ”རྩ་དོན་གཞིར་བཟུང་རང་སྲུང་དབང་ཆ་སྤྱད་དེ་སྟོབས་དང་ལྡན་པའི་ཕར་རྒོལ་བྱ་རྒྱུ་ཡིན་ཞེས་བཤད། ཁོང་གིས་འགོག་སྲུང་སི་ལིང་པུའུ་ནི་ཧན་གོའི་རྒྱལ་སྲུང་སྒྱུར་བཅོས་ཀྱི་གོམ་སྟབས་གལ་ཆེན་ཞིག་ཡིན་པས་ཧན་གོའི་དམག་ཕྱོགས་ཀྱིས་དེ་སྐམ་མཚོ་མཁའ་གསུམ་གྱི་གཞོགས་འདེགས་དམག་འཐབ་ནུས་པ་ལྡན་པའི་མཉམ་འབྲེལ་སི་ལིང་པུའུ་ཞིག་ཏུ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།