དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཉིང་རྡུལ་ལས་འཛོལ་ཐད་སྐྱིན་ཚབ་འཇལ་རྒྱུའི་རི་པིན་སྲིད་གཞུང་གི་འཆར་ཟིན་ལ་གྲོས་འཆམ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཏུང་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་པ་ལྟར་ན། གོང་ཚེས་ཉིན་ཕུའུ་ཏའོ་ཉིང་རྡུལ་ལས་འཛོལ་ཐད་སྐྱིན་ཚབ་འཇལ་རྒྱུའི་རི་པིན་སྲིད་གཞུང་གི་འབྲེལ་ཡོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་ཆེད་དོན་སྒྲིག་གཞི་བཙུགས་ནས་ཉིང་རྡུལ་ལས་འཛོལ་ཐད་སྐྱིན་ཚབ་འཇལ་རྒྱུ་དང་དེ་བཞིན་ཏུང་ཅིང་གློག་ཤུགས་ཀུང་སིར་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུའི་ལས་ཀའི་འགན་འཁུར་རྒྱུ་ཡིན་པ་རེད།

        འཆར་ཟིན་དེར “རྡུལ་ཕྲན་ནུས་པའི་གནོད་འཚེའི་སྐྱིན་ཚབ་འཇལ་བར་རོགས་སྐྱོར་བྱེད་པའི་སྒྲིག་གཞིའི་ཁྲིམས་གཞི ”ཞེས་བརྗོད། འཆར་ཟིན་དེ་གཞིར་བཟུང་རི་པིན་སྲིད་གཞུང་གིས “རྡུལ་ཕྲན་ནུས་པའི་གནོད་འཚེའི་སྐྱིན་ཚབ་འཇལ་བར་རོགས་སྐྱོར་བྱེད་མཁན་སྒྲིག་གཞི ”གསར་འཛུགས་བྱ་རྒྱུ་ཡིན་པ་དང་། ཏུང་ཅིང་གློག་ཤུགས་ཀུང་སི་ཚུད་པའི་རི་པིན་གྱི་ཉིང་རྡུལ་གློག་ཁང་ཡིན་པའི་གློག་ཤུགས་ཀུང་སིས་བསྡུར་ཚད་ངེས་ཅན་ཞིག་གི་ཐོག་ནས་རོགས་སྐྱོར་སྒྲིག་གཞི་དེར་སྐྱིན་ཚབ་དངུལ་འཇལ་རྒྱུ་ཡིན་ཞིང་། སྐྱིན་ཚབ་འཇལ་རྒྱུའི་དངུལ་འབོར་ཚད་ལས་བརྒལ་ཚེ་གློག་ཤུགས་ཀུང་སིས་རོགས་སྐྱོར་སྒྲིག་གཞིར་མ་དངུལ་གྱི་རོགས་སྐྱོར་ཐོབ་རྒྱུའི་རེ་བ་འདོན་ཆོག་པ་དང་སྒྲིག་གཞི་དེས་མ་དངུལ་ཐོ་བཀོད་དང་། མ་རྐང་ནང་ཞུགས་པ། ཀུང་སིའི་བུལ་འཛིན་ཉོ་བ། བུ་ལོན་གྱི་ཁག་ཐེག་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་མ་དངུལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།