དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • བྱང་ཆིངས་ཀྱིས་ལི་པི་ཡར་རེས་སྐོར་གསར་པའི་མཁའ་ཐོག་འཇབ་རྒོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ལི་པི་ཡའི་གཞུང་ཕྱོགས་བཪྙན་འཕྲིན་ཁང་གིས་ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་མཚན་དགུང་དང་ཚེས་15ཉིན་གྱི་ཐོ་རེངས་སུ་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིར་འབར་གས་ཀྱི་སྒྲ་ཆེན་པོ་ཞིག་ཐོན་པ་དེ་ནི “ཁུ་སིམ ”ཉིན་གཉིས་སོང་རྗེས་བྱང་ཆིངས་ཀྱིས་ཐི་རི་ཕོ་ལིར་མཁའ་ཐོག་འཇབ་རྒོལ་དྲག་པོ་སླར་ཡང་བྱེད་འགོ་ཚུགས་པ་ཞིག་རེད།

        དེ་དང་དུས་མཚུངས་ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་དྲག་དཔུང་དང་སྲིད་གཞུང་དམག་དབར་ས་གནས་མང་པོར་མུ་མཐུད་དྲག་པོའི་དམག་འཐབ་བྱས་པ་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གི་དྲག་དཔུང་གིས་ཤར། ལྷོ། ནུབ་བཅས་ཕྱོགས་གསུམ་ནས་རྒྱལ་ས་ཐི་རི་ཕོ་ལིར་མཐའ་བསྐོར་བའི་གནས་ཚུལ་ཆགས་པ་མ་ཟད་ཐི་རི་ཕོ་ལིའི་ཤར་ལྷོའི་ཕྱོགས་ཀྱི་གྲོང་རྡལ་ཆུང་ངུ་ཁ་ཤས་ཀྱང་བཟུང་ཡོད། གཞན་ཡང་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན་ཨ་རིའི་རྒྱལ་ཚོགས་དམངས་ཁྲོད་ཁང་གི་དབྱི་ཀྲང་པོ་ན་ཡིས་ཚེས་14ཉིན་ཨ་རིས་ལི་པི་ཡའི་དམག་དོན་བྱ་སྤྱོད་སྤེལ་རྒྱུ་དེ་ཟླ་6ཚེས་19ཉིན་བར་ཉིན་90ཏག་ཏག་ཟིན་རྒྱུ་ཡིན། གལ་སྲིད་སྐབས་དེར་སྔར་བཞིན་རྒྱལ་ཚོགས་ཀྱི་དབང་བསྐུར་མ་ཐོབ་ན་ཨ་རིའི 《དམག་འཁྲུག་དབང་ཆའི་བཅའ་ཁྲིམས 》ལས་བརྒལ་རྒྱུ་རེད། བཅའ་ཁྲིམས་འདིའི་ནང་རྒྱལ་ཚོགས་ཀྱིས་དབང་བསྐུར་མ་བྱས་པའི་གནས་ཚུལ་འོག་ཨ་རིས་ཕྱི་ཕྱོགས་ལ་སྤེལ་བའི་དམག་དོན་བྱ་སྤྱོད་དེ་ཉིན་60ལས་བརྒལ་མི་རུང་ཡང་གཞན་ཡང་ཉིན་30ཡི་ཕྱིར་འཐེན་དུས་ཚོད་སྤྲོད་ཀྱི་ཡོད་ཅེས་གསུངས་པ་རེད།

        ཁ་ན་ཏས་ཚེས་14ཉིན་ལི་པི་ཡའི་ངོ་རྒོལ་ཕྱོག་ས་ཁག་གི “རྒྱལ་ཁབ་བར་བརྒལ་ཨུ་ལྷན ”དེ་ལི་པི་ཡའི་ཁྲིམས་མཐུན་འཐུས་མི་ཡིན་པའི་ཁས་ལེན་བྱ་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཁ་ན་ཏའི་ཕྱི་འབྲེལ་དཔོན་གཡོད་ཧན ·པིར་ཏེས་དབྱི་ཧུའེ་གྲོས་ཚོགས་ཐོག་ལི་པི་ཡའི་ངོ་རྒོལ་ཕྱོགས་ཁག་གིས “རྒྱལ་ཁབ་བར་བརྒལ་ཨུ་ལྷན ”གྱི་ཁྲིམས་མཐུན་རང་བཞིན་ཁས་ལེན་པ་དེ་ནི་ངོ་རྒོལ་ཕྱོགས་ཁག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་བྱས་པའི་འབད་འཐབ་གྲས་ཤིག་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།