དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྤྱི་ཁྱབ་བཀོད་འདོམས་པའི་གདམ་བྱའི་འོས་མི་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་པ་ལྟར་ན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ལག་བསྟར་ལས་འཛིན་པའི་ལྷན་ཚོགས་ཀྱིས་ཚེས་13ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་བའི་ནང་གདམ་བྱའི་འོས་མི་མོ་ཞི་ཁོ་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཨ་ཀུ་སི་ཏིང ·ཁ་སི་ཐེང་སི་དང་ཧྥ་རན་སིའི་ནོར་སྲིད་པུའུ་ཀྲང་ཁེ་ལི་སི་ཏེ་ན ·ལ་ཅ་ཏེ་གཉིས་པོས་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་གསར་པའི་ལས་གནས་འགྲན་རྩོད་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད།

        གསལ་བསྒྲགས་ནང་གསར་དུ་བསྐོ་གཞག་བྱ་རྒྱུའི་སྤྱི་ཁྱབ་བཀོད་འདོམས་པའི་གདམ་བྱའི་འོས་མི་མིང་འདོན་བྱེད་པའི་གོ་རིམ་དེ་འདི་ཟླའི་ཚེས་10ཉིན་བར་ཡིན་པ་དང་ལས་འཛིན་པའི་ལྷན་ཚོགས་ཀྱིས་འདི་ལོའི་ཟླ་5ཚེས་20ཉིན་སྤེལ་བའི་གསལ་བསྒྲགས་དང་དེ་བཞིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ལག་བསྟར་བྱེད་བཞིན་པའི་ལམ་སྲོལ་གཞིར་བཟུང་ལག་བསྟར་ལས་འཛིན་པའི་ལྷན་ཚོགས་ཀྱིས་གོང་གསལ་གཏན་འབེབས་བྱས་ཡོད། ལག་བསྟར་ལས་འཛིན་པའི་ལྷན་ཚོགས་ཀྱིས་ཝ་ཧྲིང་ཐོན་དུ་གདམ་བྱའི་འོས་མི་གཉིས་པོ་དང་ཐུག་འཕྲད་བྱ་རྒྱུ་དང་འབྲེལ་ཚོགས་འདུ་འཚོགས་ནས་གདམ་བྱའི་འོས་མི་གཉིས་པོའི་དངོས་ཡོད་འཇོན་ཐང་ཐད་གྲོས་བསྡུར་བྱས་རྗེས་མཐའ་མའི་གདམ་ག་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་འཇོན་ཐང་ལྡན་པའི་སྤྱི་ཁྱབ་བཀོད་འདོམས་པ་གསར་པ་འདེམས་རྒྱུ་དེ་ཚེས་30ཉིན་གྱི་གོང་དུ་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།