དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • སི་རི་ཡ་ནས་སླར་ཡང“མཉམ་སྡེབ་ཀྱི་དུར་ས”ཞིག་ཪྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུཅི་སི་ཨར་ཧྲུའུ་ཀུ་ཨར་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་སི་རི་ཡའི་སྲིད་གཞུང་གིས་བྱང་རྒྱུད་ཀྱི་དབྱི་ཏེ་ལི་པུའུ་ཞིང་ཆེན་ཅི་སི་ཨར་ཧྲུའུ་ཀུ་ཨར་གྲོང་ཁྱེར་གྱི་བྱང་ངོས་ནས་བར་ཐག་སྤྱི་ལེ་4ཡོད་པའི་གད་སྙིགས་སྦས་ས་ཞིག་ནས་སླར་ཡང “མཉམ་སྡེབ་ཀྱི་དུར་ས ”ཞིག་ཪྙེད་པ་དང་མིག་སྔར་སྔོག་འདོན་ལས་དོན་སྤེལ་བཞིན་ཡོད། སི་རི་ཡའི་དམག་ཕྱོགས་ཀྱིས་ཚོད་དཔག་བྱས་པར་གཞིགས་ན་དེ་གར་ཉུང་མཐར་ཡང་ཕུང་པོ་20ཙམ་སྦས་ཡོད་པ་རེད།

        སི་རི་ཡའི་དམག་ཕྱོགས་ཀྱིས་དམག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའི་དྲག་ཆས་པར་འདྲི་རྩད་བྱེད་སྐབས “མཉམ་སྡེབ་ཀྱི་དུར་ས ”དེ་ཡོད་པ་ཤེས་རྟོགས་བྱུང་། དྲག་ཆས་པ་དེས་དམག་ཕྱོགས་ཀྱི་སྲུང་སྐྱེལ་འོག་ས་གནས་ས་ཐོག་ཏུ་བསྐྱོད་ནས “མཉམ་སྡེབ་ཀྱི་དུར་ས ”དེ་གནས་ཡུལ་བསྟན་ཡོད་ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཕུང་པོ་དེ་ཚོ་ནི་དྲག་ཆས་པས་དམར་གསོད་བཏང་བའི་སི་རི་ཡའི་བདེ་འཇགས་དཔུང་སྡེ་དང་དེ་བཞིན་དམག་དཔུང་གི་ཁོངས་མི་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།