དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོ་ལི་པི་ཡའི་གནད་དོན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། ཨ་ཧྥེ་རི་ཁ་མནའ་འབྲེལ་ཚོགས་པའི་འབོད་སྐུལ་འོག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་15ཉིན་ཉིའུ་གཡོད་དུ་ལི་པི་ཡའི་གནད་དོན་སྐོར་གྱི་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་། ཨ་ཧྥེ་རི་ཁ་མཉམ་འབྲེལ་ཚོགས་པས་མཐོ་རིམ་སྐུ་ཚབ་ཚོགས་པ་ཉིའུ་གཡོད་དུ་མངགས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་ལི་པི་ཡའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་རེད་ཅེས་གསུངས་ཡོད།

        ཧུང་ལེས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཚོགས་པས་ལི་པི་ཡའི་གནད་དོན་དེ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་ཆེད་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཚུའེ་ཏེ་ཚོགས་འདུ་དེར་ཞུགས་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་ཚོགས་འདུ་དེར་རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་བྱུང་ནས་ཕྱོགས་ཁག་གིས་དམག་མཚམས་འཕྲལ་མར་འཇོག་རྒྱུའི་སྐུལ་འདེད་བཏང་སྟེ་ལི་པི་ཡའི་གནད་དོན་དེ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཐག་གཅོད་སྔ་ཙམ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།