དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལི་པི་ཡའི“རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང”ལ་རྒྱལ་ཁབ་མང་པོའི་ཁས་ལེན་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ལིན་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། འཇར་མན་གྱི་ཕྱི་འབྲེལ་དཔོན་ཝུའེ་སི་ཐེ་ཝུའེ་ལེ་དང་འཕེལ་རྒྱས་རོགས་སྐྱོར་པུའི་པུའུ་ཀྲང་ཉི་པེར་གྱིས་ཚེས་13ཉིན་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་སྒར་ས་པན་ཅ་ཤིར་འཚམས་འདྲིར་ཕེབས་ཤིང་། ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་ཝུའེ་སི་ཐེ་ཝུའེ་ལེས་འཇར་མན་གྱིས “རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང ”དེ་ལི་པི་ཡའི “ཁྲིམས་མཐུན་མཚོན་བྱེད ”ཡིན་པའི་ཁས་ལེན་བྱས་ཡོད་པས་ཨུ་ཡོན་ལྷན་ཁང་དེ་དང་མཉམ་ལས་བྱེད་པ་བརྒྱུད་དམངས་གཙོ་དང་ཁྲིམས་སྐྱོང་གི་ལི་པི་ཡ་ཞིག་གཏོད་རྒྱུའི་རེ་བ་ཡོད། འཇར་མན་གྱིས་ལི་པི་ཡའི་ངོ་རྒོལ་ཤོག་ཁག་ལ་དགོས་ངེས་ཀྱི་དམག་དོན་མིན་པའི་རོགས་སྐྱོར་བྱས་ནས་ལི་པི་ཡར་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་བྱེད་རོགས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

        ད་དུང་ཝུའེ་སི་ཐེ་ཝུའེ་ལེ་འཇར་མན་གྱིས་པན་ཅ་ཤིར་བཙུགས་པའི་ལི་པི་ཡར་བཅའ་སྡོད་ངོ་རྒོལ་ཤོག་ཁག་དང་འབྲེལ་གཏུག་བྱེད་པའི་ལས་འགོ་བཙུགས་པའི་མཛད་སྒོར་ཕེབས་ཤིང་། དེ་ནི་ལི་པི་ཡའི་དུས་བབ་ལ་འགྱུར་བ་ཕྱིན་ཚུན་འཇར་མན་སྲིད་གཞུང་གི་སྐུ་ཚབ་ལི་པི་ཡའི་ངོ་རྒོལ་ཤོག་ཁག་གི་སྒར་སར་འཚམས་འདྲི་བྱེད་པར་མངགས་ཐེངས་ཐོག་མ་དེ་རེད། ཝུའེ་སི་ཐེ་ཝུའེ་ལེས་ལི་པི་ཡའི་འགོ་ཁྲིད་པ་ཁ་ཀྲ་ཕེ་ལ་དམག་རྒྱག་མཚམས་འཇོག་པ་དང་ཆབས་ཅིག་སྲིད་ཁྲི་ནས་བབས་དགོས་པའི་བླང་བྱའང་བཏོན་ཡོད།

        དེ་གོང་ལི་པི་ཡའི “རྒྱལ་ཁབ་བར་བརྒལ་ཨུ་ཡོན་ལྷན་ཁང་”ལ་ཧྥ་རན་སི་དང་། དབྱི་ཐ་ལི། ཁ་ཐར། སི་ཕེན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།