དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་ཨ་རིའི་སྔོ་ཚལ་དང་ཤིང་འབྲས་ཐོག་ཡོངས་ཁྱབ་ཏུ་ཞིང་སྨན་ལྷག་འཕྲོ་ཡོད་པའི་སྣང་ཚུལ་གནས་པ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལུའོ་ཧྲན་ཅི་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཨ་རིའི་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས “ཁོར་ཡུག་ལས་དོན་ཚོགས་ཆུང ”གིས་ཚེས་13ཉིན་སྙན་ཞུ་ཞིག་སྤེལ་བའི་ནང་ཨ་རིའི་སྔོ་ཚལ་དང་ཤིང་འབྲས་ཐོག་ཡོངས་ཁྱབ་ཏུ་ཞིང་སྨན་ལྷག་འཕྲོ་ཡོད་པའི་སྣང་ཚུལ་གནས་པ་དང་ཤིང་འབྲས་དང་སྔོ་ཚལ་རིགས་12རྩ་འཛུགས་དེའི་ཞིང་སྨན་ལྷག་འཕྲོའི “མིང་ཐོ་ནག་པོའི་”ནང་བཅུག་ཡོད་ཅེས་འཁོད་ཡོད་པ་རེད།

        སྙན་ཞུ་དེ་ཨ་རིའི་ཞིང་ལས་པུའུ་དང་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ཀྱིས་2000ལོ་ནས་2009ལོ་བར་གྱི་ཞིང་ལས་ཐོན་ཟོག་ལ་ཟུར་འཐེན་ཞིབ་དཔྱད་བྱས་པའི་གཞི་གྲངས་ལས་བྱུང་བ་ཞིག་རེད། ཞིབ་དཔྱད་ཚད་ལེན་མ་བྱས་གོང་སྔོ་ཚལ་དང་ཤིང་འབྲས་ཕལ་ཆེ་བའི་མ་དཔེ་འཁྲུ་བ་དང་པགས་པ་བཤུ་བ་སོགས་བྱས་ཟིན་ནས་འཛད་སྤྱོད་པས་རྒྱུན་དུ་སྤྱོད་པའི་གོམས་གཤིས་ལྟར་བྱས་ཡོད།

        སྙན་ཞུ་དེའི་ནང་དུས་མཚུངས་མི་ཚོས་ཞིང་སྨན་ལྷག་འཕྲོ་ཡོད་པའི་དབང་གིས་ཤིང་འབྲས་དང་སྔོ་ཚལ་མི་ཟ་བ་བྱ་རྒྱུ་མེད། སྔོ་ཚལ་དང་ཤིང་འབྲས་ཀྱིས་མིའི་ལུས་པོར་ཕན་ཐོགས་ཡོད་པ་དེ་ཞིང་སྨན་ལྷག་འཕྲོ་ལས་བྱུང་བའི་མངོན་མེད་གནོད་འཚེ་ཕྲ་མོ་ལས་ལྷག་པ་ཡོད་མོད། འོན་ཀྱང་ཡག་ཤོས་བྱུང་ན་མི་ཚོས་སྦགས་བཙོག་མེད་པའི་སྐྱེ་ལྡན་བཟའ་བཅའ་གདམ་ག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།